| | e-texts navigator
|
4b1 དོན་གསན་ནས།། སངས་ཀྱུས་རྡོ་རྗེ་གསང་བ་དེས།། ལྷ་ཡི་བདུད་རྩིས་ཐུགས་མཉེས་ཏེ།། ཞུས་པའི་ལན་དུ་བཀའ་སྩལ་པ།། གཞི་ཉིད་མི་འགྱུར་རྡོ་རྗེ་ལ།། སྐྱེ་འཆི་ཡོད་པ་མ་ཡིན་ཏེ།། རང་གི་རྣམ་རྟོག་གཟུང་འཛིན་གྱིས།། ཐ་མ་ལ་ལུས་ལ་སྐྱེ་འཆི་བྱུང་།། དེ་སྐད་ཅེས
4b2 ནི་གསུངས་པ་ཡིས།། རང་གི་སེམས་ཀྱི་ཐེ་ཚོ་མཆོད།། ཞུ་བ་ཞུས་ནས་ངེས་པ་རྙེད།། དེ་ཕྱིར་རྟོགས་པ་མངོན་དུ་གྱུར།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ལྷོ་ཕྱོགས་འདུ་འབྲལ་མེད་པ་ཡི།། རིན་ཆེན་བརྩེགས་པའི་ཞིང་ཁམས་ན།། རིན་ཆེན་སྙིང་པོ་རིན་ཆེན་ལྡན
4b3 འཁོར་ལ་རྒྱ་ཆེར་བཙལ་མེད་སྟོན།། དེ་ལ་བསྐོར་བ་བྱས་ནས་ཀྱང་།། ཀུན་ནས་འདོད་པའི་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། མ་ག་ཟིམ་ཏོག་གང་ཕུལ་ནས་ནི།། དེ་ལ་ངེས་པའི་དོན་ཞུས་པ།། སངས་རྒྱས་ངེས་པའི་ཆོས་སྐུ་ལ།། དེ་དོན་རྩོལ་བས་མ་བསླབས་པར།།
4b4 ཡོན་ཏན་འབྲས་བུ་ཇི་ལྟར་འཆར།། དེ་དོན་ཞུས་པའི་དོན་གསན་ནས།། སངས་རྒྱས་རིན་ཆེན་སྙིང་པོ་དེ།། མ་གི་ཏ་ཡིས་བྲགས་མཉེས་ནས།། ཞུས་པའི་ལན་དེ་བཀའ་སྩལ་པ།། ཏཀྵ་ཀ་ཡི་རྒྱན་བཞིན་དུ།། ཡེ་ནས་གནས་པའི་ཆོས་ཉིད་ལ།། རྒྱུ་འབྲས་མཐར་ཕྱིན་གཞི
4b5 ནས་རྫོགས།། ཉི་མའི་འོད་ལྟར་འབྲས་བུ་འབྱུང་།། དེ་སྐད་ཅེས་ནི་གསུངས་པ་དང་།། རང་བཞིན་གཞི་ཡི་ཐེ་ཚོམཆོད།། ཞུ་བ་ཞུས་ཕྱིར་ངེས་པ་རྙེད།། དེ་ཕྱིར་ལྷག་མཐོང་མངོན་དུ་གྱུར།། དྲ་ཡང་འདུས་པའི་སྙིང་པོ་ཉོན།། ནུབ་ཕྱོགས་སྒྲིབ་པ་མེད་པ་ཡི།། པདྨ་ཅན་གྱི་ཞིང
4b6 ཁམས་ན།། སངས་རྒྱས་དྲི་མེད་གྲགས་པ་དེ།། པདྨའི་གདུན་ལ་འབྲས་བུ་སྟོན།། དེ་ལ་བསྐོར་བ་བྱས་ནས་ཀྱང་།། ཀུན་ནས་ཡིད་ཆེས་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། པཉྫ་ལི་ཀའི་ན་བཟའ་ཕུལ།། དེ་ལ་ངེས་པའི་དོན་ཞུས་པ།། སེམས་ཉིད་པད་ལྟར་དག་པ
4b7 ལ།། གཟུང་འཛིན་དྲི་མས་ཇི་ལྟར་གོས།། དེ་སྐད་ཞུས་པའི་དོན་གསན་ནས།། སངས་ཀྱིས་དྲི་མེད་གྲགས་པ་དེ།། པཉྫ་ལི་ཀས་ཐུགས་མཉེས་ནས།། ཞུས་པའི་ལན་དེ་བཀའ་སྩལ་པ།། བཛྲ་འདམ་ཀྱིས་མ་གོས་ལྟར།། བྱང་ཆུབ་སེམས་ཀྱི་ངོ་བོ་ལ།། གཟུང་འཛིན་དྲི
iiif viewer powered by OpenSeadragon
4a - 5a