| | e-texts navigator
|
3b1 གཟིགས་ནས།། འདུས་པའི་འཁོར་ལ་བཀའ་ཡིས་གནང་།། འདུས་པའི་དོན་དུ་བཀའ་བགྲོས་ཏེ།། དང་པོ་རྟོགས་ཐབས་ཆོས་དྲུག་གི།། སངས་རྒྱས་ཀུན་ཏུ་བཟང་པོ་བྱུང་།། དེ་ཕྱིར་རང་བྱུང་སྙིང་པོ་ལ།། ང་ཡིས་ང་ཉིད་འགྲོལ་བ་ལས།། གཞན་གྱིས་བཀའ་འདི་འགྲོ་ལ་དུ་མེད།། རྡོ་རྗེ་སེམས
3b2 དཔའ་ཁྱོད་ཉོན་ཅིག། དེས་དེན་ཚིག་གི་དོན་འགྲོ་ལན།། ཀུན་བཟང་ང་ཡི་བྱིན་རླབས་ཀྱིས།། སྐུ་གསུང་ཤུགས་ཀྱི་བྱིན་རླབས་ལས།། སྤྲུལ་པ་རྣམ་གསུམ་བྱུང་ནས་ནི།། ངེས་དང་ལྡེམ་དགོངས་དྲང་དོན་དུ།། འཁོར་གྱི་སྒོ་ཡི་ཁྱད་པར་ལས།། ཅི་རིགས་པ་ནི་བཤད་པར་བགྲོ།། ད་ཡང
3b3 འདུས་པའི་སྙིང་པོ་ཉོན།། མ་རིག་མུན་པ་སེལ་བ་ནི།། གཞན་གྱིས་སེལ་བར་ནུས་མིན་ཕྱིར།། ངེས་དོར་བཀའ་ཡི་སྒྲོན་མ་འདི།། མ་རིག་མུན་སེལ་ནི་ཟླ་ཆེ།། མ་རིག་མུན་པ་རྩད་ནས་འཇོམས།། འཁོར་འདས་འབྱུང་བའི་རྩ་བ་ནི།། ཡེ་ཤེས་མ་རིག་ཡིན་པའི་ཕྱིར།། ཐོག་མོའི་བྱང་ཚུལ་སུས་ཤེས་པ།། མ
3b4 རེག་མུན་པ་སེལ་བའི་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རིག་མུན་སེལ་ཉི་ཟླ་ཆེ།། འཆད་ནུབ་ཡོད་ཕྱིར་ཉི་ཟླ་ཆེ།། དེ་བཞིན་ཐེག་བརྒྱད་ཆོས་ཀུན་སྤར།། གཞི་ཉིད་མ་ཤེས་འཇོམས་མི་ནུས།། ཡཱད་ཎྜི་ཐེག་ཆེན་སྙིང་པོ་འདི།། ངེས་ཤེས་དོན་ལྡན་ལུར་རྟོགས་ན།། མ་རིག་མུན་པ་སེལ་ཞེས་བྱ།། རིན་ཆེན་འོ།
3b5 ལ་འཆར་ནུབ་མེད།། གཞི་ཡི་ཡེ་ཤེས་ངོས་ཟིན་ན།། ཆོས་སྐུའི་དོན་དང་བྲལ་བ་མེད།། དེ་ཕྱིར་མ་རིག་མུན་པ་བརླག། མ་རིག་རྣམ་གསུམ་འཇོམས་པའི་ཕྱིར།། ལུང་ལྡན་སྟོན་པའི་བཀའ་འདི་བགྲོས།། དེ་ཕྱིར་དེས་དོན་རྒྱུད་འདི་ལ།། ཤེས་རབ་རྣམ་གསུམ་མཐའ་རུ་གཏུག། ད་ཡང་འདུས་པའི་སྙིང་པོ་ཉོན།། དོན་དང
3b6 མཐུན་པའི་གཞི་ཤེས་ཕྱིར།། མ་རིག་སངས་པས་ཡེ་ཤེས་རྒྱས།། དེ་ཕྱིར་རྟོགས་དང་སངས་རྒྱས་པ།། ལུས་དང་མ་བྲལ་དུས་འདིར་བྱུང་།། མ་རིག་མུན་སེལ་ཡེ་ཤེས་སུ།། ཆོས་རྣམས་ཀུན་གྱི་རྩེ་བ་སྟེ།། སངས་རྒྱས་དགོངས་པ་ད་ལྟ་ཉིད།། ཕྱི་མ་མ་ཡིན་དུས་འདིར་ཡིན།། དེ་ཕྱིར་མུན་སེལ་རིག་པ་འདི
3b7 ཆོས་རྣམས་ཀུན་གྱི་སྙིང་པོ་ལ།། རང་བྱུང་ཡེ་ཤེས་སུས་ཤེས་པ།། མ་རིག་མེད་པས་ཆོས་སྐུར་ཤར།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དོན་ཆོས་རྣམས་གསུངས་པ་ནི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་།། རྩ་བ་ཆོས་སྐུ་རྟོགས་པའི་ཕྱིར།། གཟི་ལྡན་ནོར་བུ་རིན་ཆེན།
iiif viewer powered by OpenSeadragon
3a - 4a