e-texts navigator
Collection
Volume
Page
Wylie

3a1 འདི་མ་བཅུལ།། ངྱས་གསུམསངས་བྱས་མསས་སུན།། གཟུང་གི་མངའ་བདག་མྱེད་ཡིན་པས་ཅོལ་གརྒྱས་ཐེག་པ་མཐར་བ་ན།། གྲོལ་ས་དཐེག་པམི་གཟང་ནས།། ངག་ང་གན་པོ་ཡང་། ཨཱལ་ལྡ་སུ་ས་སམ།། བྱུང་མ
3a2 བབཤད་དུ་གསོལ།། དེ་སྐད་ཅེས་ནི་གསུངས་པ་དང་།། དུས་གསུམ་སངས་རྒྱས་ཀུན་འདུས་ཏེ།། དོན་གྱིས་འགྲོ་བ་མཛད་པའི་ཕྱིར།། བཀའ་ཡི་མདོ་འདི་ས་བཀྲོལ་ན།། ཀུན་བཟང་ཐུགས་ཀྱི་ངེས་པའི་དོན།། རྡོ་རྗེ་སེམས་དཔའ་ཁྱོད་ཡིན་པས།། ཚིག་གཅིག་དོན་ཀྱང་རྟོགས
3a3 ཆོས།། བཙལ་མེད་དོན་དང་འཕྲད་པར་ཞུས།། དེ་སྐད་བསྐུལ་པའི་དོན་དེ་ནི།། རྡོ་རྗེ་སེམས་དཔའ་ཡིས་རིག་ནས།། ངོ་བོ་ཉིད་ཀྱི་ཀུན་བཟང་ལ།། ངེས་པའི་ཡིད་ཀྱིས་འདི་སྐད་ཞུས།། ཆོས་ཉིད་གནས་ལུགས་ཇི་ལྟ་བ།། སེམས་ཉིད་བློ་ཡིས་རྟོགས་པའི་དོན།། ངེས་དོན་ཀུན་ཏུ་བཟང་པོ་ཡས།
3a4 དུས་འདིར་བདག་ལ་བཤད་དུ་གསོལ།། དེ་སྐད་ཅེས་ནི་བསྐུལ་བ་དང་།། ཀུན་བཟང་ཐུགས་ཀྱིས་གསན་ནས་ནི།། ཏིང་འདོན་རིག་པའི་གསུང་གིས་ནི།། དང་ལྡན་འཁོར་ལ་བཀའ་སྩལ་པ།། ཡང་དག་དེས་དོན་གྱུད་ཆེན་འདི།། སྣོད་ལྡན་རྣམས་ལངས་བཤད་དེ།། རྫོགས་ཆེན་གྱི་མེད་དོན་མབ་ཀྱང
3a5 མ་རྟོགས་པ་ལ་སྡིག་མོར་ཆེ།། དེ་སྐད་ཅེས་ནི་གསུངས་མ་ཐག། འཁོར་རྣམས་དད་པས་འདུས་པ་རྣམས།། སྣོད་དང་ལྡན་པར་དམ་བཅས་ནས།། སེམས་ཀྱི་གདུང་བ་འདི་སྐད་བཏོན།། འཁོར་བའི་གཡང་སད་ལྟུང་བ་ལ།། ཐུགས་རྗེ་ཆེན་པོས་མི་འཛིན་ནས།། རི་དགས་འཛིན་པའི་རྩང་ཆུང་མ
3a6 རྣམ་རྟོག་དྲ་མི་གཅོད་དམ།། སེམས་ཅན་ལས་ལ་ཐབ་ཆང་ན།། འགྲོ་དོན་སྙིང་ཇི་མི་མཛད་ངམ།། མ་རིག་མུན་པའི་སྐྲག་རུམ་དུ།། དམུས་ཡོད་བཞིན་དུ་དང་སེམས་འཇིག། ཡེ་ཤེས་ཉི་མེ་ནཱི་འཆར་རས།། ཞེ་སྡང་མེ་ཚོན་འབར་བ་ལ།། ལས་ཀྱི་རླུང་དམར་ཆེན་པོས་པུས།། ཆོས་ཉིད་དྲན་གྱིས་མི་འཚལ།།
3a7 ལམ།། འདོད་ཆགས་ཆུ་ལྟར་འགྲུབ་ནས་ཀྱང་།། བས་རྩི་ལྟ་བུར་ཞེན་པ་ལ།། ཡེ་ཤེས་མེ་ཡིས་མི་བསྲེག་གམ།། དོན་སྟོར་ལུས་ཀྱི་ནང་དུ་སྟོར།། ལམ་སྟོར་བདག་ལས་མཁན་མཛོད།། དེ་སྐད་གདུ་དེ་བས་བསྩལ་བ་དང་།། ཀུན་བཟ་རྟོན་པའི་ཐུགས་རྗེ་ཡིས།། རྗོད་དང་ལྡན་པར་ཐུགས




iiif viewer powered by OpenSeadragon

2b - 3b

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa