| | e-texts navigator
|
342a1 དུ།། རང་བྱུང་དང་དངས་ཆེན་པོར་བརྒྱད་སྤངས་ས།། སྐྱེང་བ་ཆོས་ཉིད་ཀུནག་ནང་ཀློང་ཡངས་སུ།། རྩལ་ཟེར་སྣ་ཚོགས་མ་འགགས་བཏུད་སྤངས་སོ།། རང་བྱུང་རང་ས་རབརྣག་པས་བཅུད་སྤངས་ས།། རང་དངས་རང་སངས་ཆེན་པོར་བཇུད་སྤངས་སོ།། ཡང
342a2 སེམས་གང་ལ་འཛིན་མེད་བཅུད་སྲུངས་སོ།། ཀ་དགཟང་ཀ་ཆེན་པོར་བཅུད་སྤངས་སོ།། ཤེས་རིག་གང་ལའང་མི་འཇུག་བཅུད་སྲུངས་སོ།། ཡིད་གཉིས་རྩད་ཆོད་གཟུང་འཛིན་གཉིས་མེད་བཏུད་སྤངས་སོ།། ཞེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་ཆུད་ལས། སྙིང་པོའི་བརླད
342a3 སྲུངས་བསྟན་པའི་ལེངའུ་སྟེ་བཅཝ་བདུན་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་གསང་བདག་ཆེན་པོ་ས།། ནམ་མཁའ་ཀློང་ཡང་སང་པོ་ཡིས་ནི་ལྟར་བསྟན།། ཞེས་ནུས་པ་དང་།། གནཔས་འཁོར་ལ་བཀའ་ཕྲུལ་པ།། སྙིང་པོ་ག་དག་པོ་མེད་ཀྱང་།། འཁོར་གྱི་རྟཔ་པ
342a4 བསལ་ཕྱི་དང་པོ་ཡིས་བསྟན།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། སེམས་ཀྱི་དཔེ་ནི་ནམ་མཁའ་བསྟན།། ནམ་མཁའ་མཚོན་པ་ཀུན་དང་བྲལ།། ནམ་ནི་སྐྱེ་བ་མེད་པ་ཡིན།། མཁའ་ནི་འགག་པ་མེད་པ་ཡིན།། སྐྱེ་འགག་གཉིས་སུ་མེད་པ་དེ།། སྙིང་པོ་ཆོས་ཉིད་ཀློང་དུ་འདུས།། ནམ་མཁའ་གྱོས
342a5 རིས་ཀུན་དང་བྲལ།། ནམ་མཁའ་ཞེས་ནི་མཆོན་པ་ཡང་།། མ་རྟོགས་བློལ་མཚོན་པ་ཡིན།། ནམ་མཁའ་བ་སྐད་སུན་པ་པྲལ།། སྡེ་མ་མྱོང་པ་འགག་མ་མྱོང་།། གཉིས་སྲམ་ཆད་གཅིག་མ་མྱོང་།། མཚོན་དུ་མེད་པས་མཚོན་ལས་འདས།། སྟང་མེད་མི་ལྡང་བ་ལས་འདས།། མེད་འདོགས་མེད་པས
342a6 བཏགས་ཆགས་འདས།། མིང་མེད་ཚིག་ཏུ་བརྗོད་ལས་འདས།། ནམ་མཁའ་དེ་ནི་བསྐལ་བ་ནས།། བསྐལ་པའི་བར་དུ་ཡོད་མ་མྱོང་།། མེད་མ་མྱོང་ལ་སྟོང་མ་མྱོང་།། སྣང་མ་མྱོད་ལ་གསལ་མ་མྱོང་།། བཟང་ངན་བདེ་དང་སྐྲག་མ་མྱོང་།། འཁྲུལ་དང་འཁོར་དང་རྒྱས་མ་མྱོང་།། མི་རྒྱས
342a7 མགྱོང་ནམ་མཁའ་ནི།། ཁ་དོག་ཕྱོགས་མཚམས་བརྗོད་ལས་འདས།། དེ་བཞིན་སེམས་ཉིད་ཀ་དག་སྟེ།། ཐ་སྙད་མཚོན་ཚིག་བློ་ལས་འདས།། ཀློང་ཡངས་ཞེས་བྱའི་དཔེ་ཡིས་ནི།། ཞེ་འདོད་རྟེན་མེད་བལྟ་བའི་གྲོང་ཡངས་སོ།། ཡིད་རིག་གང་པའང་མི་རྟག་བསྒོམ་པའི་སློང་ཡངས་སོ།།
iiif viewer powered by OpenSeadragon
341b - 342b