| | e-texts navigator
|
339b1 ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཨ་ཨ་བྷྱོ་ཡ། ཧྲིཊ་རས། དྷརྨ་སརྦ། དྷཱ་ཏྲ་ཨ་ཨ། ང་ཡིས་གསང་སྔགས་བརྡའ་ཡས་བཤད།
339b2 འཁོར་རྣམས་མ་ཡེངས་བརྡའ་ལ་ཏོན།། ཨ་པ་ར་སི་ཏི་ཡ། གོང་གས་ལ་ཕྱང་ཆད་ཀྱི་ལྷ་ཁང་ན། རླུང་སྐྱོ་ཀུན་བྱེད་ཀྱི་མིས་བལྟས་པས། ཅི་ཡང་མི་འདུག་གང་མ་མཐོང་། དེར་ཁོའི་བསམ་པ་སྡུག། དྲན་པ་བརླགས་བློ་སྐོར་རོ།། རིག་པས་མཐའ་གང
339b3 ཡང་མཚོན་བརྗོད་ཀྱི་ཚིག་ཅེ་ཡང་སྤྲ་མི་ཤེས་སོ།། སྔོན་རོལ་མིང་མཐོག་ཀྱི་བརྡའོ།། ཁ་དོག་ལྔ་གསལ་རིན་པོ་ཆེའི་ལུ་ཁང་ན། སྨིག་རྒྱུའི་རྟ་ལ་འངའ་ཚོན་གྱི་མིས་ཞོན་ནས་བལྟས་པས། ལྷ་ཁང་དེ་ན་གསལ་དག་འོད་ཀྱི་ལྷ་དང་། གཡོ་ཙམ་མིག་ཡོ་ཙམ
339b4 ལྷ་འདུག་གོ།། སེམས་ཅན་སངས་རྒྱས་ཀྱི་གཞི་མཚོན་པའི་བརྡའོ།། འགྲུ་བ་རླུང་གི་རྟ་ཕོ་ལ། ཤེས་རིག་ཡིད་སེམས་ཀྱི་མིས་ཞོན་ནས། འོད་གསལ་རྩལ་བྱུང་གི་ལྷ་ཁང་དུ་ཕྱིན་ནས་བལྟས་པས། ལྷ་འགའ་ཞིག་གཡོ་འགུལ་མེད་པར་བཞུགས།
339b5 ལྷ་འགའ་ཞིག་འགུལ་བསྒྲེང་དང་བཅས་ནས་འདུག་གོ།། སྤྱི་སའི་སོ་མཚམས་མཚོན་པའི་བརྡའོ།། ན་བུན་ཁ་རླངས་ཀྱི་རྟ་ཕོ་ལ། འགྱུར་བ་སྤྲེའུའི་མིས་ཞོན་ནས། ཡར་འགྲོ་མར་འགྲོའི་སོ་མཚམས་ན་ལྷ་ཁང་གཉིས་ཡོད་པ་ལ། སྒོ་གང་ཕྱེ་ནས
339b6 འདུག་པ་ལྟས་པས། འོདགས་ལ་དང་དངས་བྱུང་ནས་རིན་པོ་ཆེ་གས་ལ་དག་རྣམ་དག་ལྷ་ཁང་གི་སྟོ་བྱེ། ངར་འཛིན་མུན་ནག་གྲོང་རྒྱུག་མཁན་བྱུང་ནས་མུན་པ་ལྷ་ཁང་གི་སྒོ་ཕྱེའོ།། ཞེས་གསུངས་སོ།། འཆར་སྒོ་དང་འཁྲུལ་སྒོའི་བརྡའོ།། འགྲུབ
339b7 ཡིད་ཀྱི་རྟ་ཕོལ། རིག་སེམས་དྲན་རྟོག་བློའི་མེས་ནོན་ནས། འཕྲང་གསུམ་སྦུབས་གསུམ་དུ་ཕྱིན་པས། ལོང་མ་དུག་གསུམ་གྱི་འཁར་བ་ཅན་དང་འཕྲད་ནས། ཁྱོད་ངའི་མུན་པའི་གཡུང་དྲུང་ལ་མི་བལྟ་བ་ཅི་ཉེས། མུན་པའི་ལྷ་ཁང་ལྟོས་ལ། ཁྱོད
iiif viewer powered by OpenSeadragon
339a - 340a