e-texts navigator
Collection
Volume
Page
Wylie

338b1 འཇོམས།། དོན་གཅིག་དངོས་མེད་ག་དགགིས།། ཤེས་བ་ལ་གྲི་མདངག་ཚོགས།། ཉན་མོངས་མི་ཤེས་གཡུལ་པོ་རྟོག། ཐུབ་པ་ཆེན་པོ་ནུབ་ཆེན་གྱིས།། མི་ཤེས་འཁོར་བའི་དགྲ་དབུ་འཇོམས།། ཉི་ཟླ་བ་དབའི་སྨོན་མེ་ཡིས།། བླན་པའི་དྲུང་མ་བརྟག་པར་བྱེད།། ག་རྩོབ་མེད་པའི་མ་དྲངས།
338b2 ཀྱིས།། མེ་ཡི་ཁྱོ་བོ་ཕྱེད་ནས་བཅད།། ཤེར་རབ་ལ་གྲིས་ཁྱི་ཕག་བསད།། རྡོ་རྗེ་ཆེན་པོའི་མདང་གཞུ་ཡིས།། བྱ་སྦྲུལ་ཁྭ་དང་སྦེ་བསད།། ཐེག་པ་ཆེན་པོས་སྡུག་བསྔལ་གཅོད།། རང་བཞིན་པོ་ཐུགས་རྗེགསུ་མ།། ཡོན་ཏན་ཟིན་ལས་ཐོགས་མེད་ལྔས།། འཁོར་བ་དུ་བརྗོད་ཆུ་ལྔར་བལྷུང་།།
338b3 གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལལ། འཁོར་བ་རུ་བཟློག་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། འགྲོ་དྲུག་གཡངས་ཇི་ལྟར་གཅད།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀ་རཀ་དངོས་མེད་དང་།
338b4 མེད་ལས།། དེ་མ་རྟོགས་པས་འགྲོ་དྲུག་འཁྲུལ།། དངོས་མེད་མ་རྟོགས་ཞེ་སྡང་སྐྱེས།། དམྱལ་བར་སྐྱེས་ནས་བཙོ་སྲེག་བྱེད།། བརྒྱད་གཉིས་སྡུག་བསྔལ་ཟད་མེད་མྱོང་།། དངོས་མེད་མ་རྟོགས་སེར་སྣ་སྐྱེས།། ཡི་དྭགས་གནས་སྐྱེས་བཀྲེས་ནོམ་སྡུག། སྒྲིབ་གསུམ་སྡུག་བསྔལ་ཟད་མེད་མྱོང་། ཀ་དང
338b5 མ་རྟོགས་གཏི་མུག་སྐྱེས།། བྱོལ་སོང་གནས་སྐྱེས་གླེན་ལྐུགས་མྱོང་།། རྐང་མངས་རྐང་གཉིས་རྐང་བཞི་དང་།། རྐད་མེད་ལ་སོགས་བསམ་ལས་འདས།། དངོས་པོ་མེད་ལས་ཕྲག་དོག་སྐྱེས།། མི་ཡི་གནས་སྐྱེས་ཕྲག་དོག་སྤྱོད།། བརྐྱད་དང་བཅུ་དྲུག་སུག་བསྔལ་མྱོང་།། དངོས་པོ་མེད་ལས
338b6 འདོད་ཆགས་སྐྱེས།། ལྷ་ཡི་གནས་འཁྲུལ་ལོ་ལོ་སྤྱོད།། ལོངས་སྤྱོད་གཡེང་བའི་སྡུག་བསྔལ་མྱོང་།། དངོས་པོ་མེད་ལས་ང་རྒྱལ་སྐྱེས།། ལྷ་མིན་གནས་སུ་འཁྲུག་པ་སྤྱོད།། འཐབ་རྩོད་མཚོན་ཆའི་སྡུག་བསྔལ་མྱོང་།། དེ་ལྟར་འགྲོ་དྲུག་འཁྲུལ་སྐྱེས་ཀྱང་།། དངོས་མེད་ཀ་དག་ཆོ
338b7 འཕྲུལ་ཡིན།། དངོས་མེད་ཆོ་འཕྲུལ་དུ་དབ་ཅད་པས།། འགྲོ་དྲུག་གཡངས་ཆོད་པར་བསྟན།། ཀ་དག་དོན་རྟོགས་ཞེ་སྡང་མེད།། དམྱལ་བའི་གནས་འཁྲུལ་རྩད་ནས་བཅད།། བཙོ་བསྲེག་མིང་མེད་ལོངས་སྤྱོད་རྫོགས།། དམྱལ་བར་སྐྱེ་བའི་གཡང་ས་བཅད།




iiif viewer powered by OpenSeadragon

338a - 339a

Texts on this page

Gdg002.21 - snying po bcud spungs nam mkha' klong yangs kyi rgyud