e-texts navigator
Collection
Volume
Page
Wylie

337b1 རྒྱན་གཉེན་པོ་མེད་པར་གནས།། དངོས་མེད་བློ་ལས་འདས་པ་ཡིན།། བྱ་རྩོལ་མེད་པར་གནས་པ་ཡིན།། གཡོ་བ་མེད་པར་གནས་པ་ཡིན།། དབྱེ་བསལ་རྩིས་གང་བ་མེད་པར་གནས་པ་ཡིན།། ཀུན་ལྡན་གང་གིའང་རྣམ་པ་མེད།། ཅི་ཡང་མ་ཡིན་དངོས་མེད
337b2 དང་།། མཚོན་མེད་དཔེ་ལས་འདས་པ་ཡིན།། སྟོད་ཉིད་གསལ་དངས་འཛིན་ཏོག་མེད།། གཏིང་གསལ་མི་མངོན་ལ་གསལ་གདངས།། སང་ཕྱེད་དེ་རྐང་དེ་དངས་སང་གི། ངོས་པོ་ལྟར་ཤང་ཡང་གྲུབ་པ་མེད།། ཅེས་གསུངས་སོ།། ནམ་མཁའ་པོ
337b3 ཡངས་ཀྱི་རྒྱུད་ལས། སྙིང་པོའི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། རྒྱལ་ཟེར་ཡན་ལག་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀངའ་སྩལ་པ།།
337b4 འགག་མེད་ཡན་ལག་རྩལ་ཟེར་རྣམས།། ཤར་ལུགས་སྣ་ཚོགས་བསམ་མི་ཁྱབ།། མདོ་ཙམ་འཁོར་ལ་བཤད་ཀྱིས་ཉོན།། རྒྱུ་རྐྱེན་འཕོ་འགྱུར་མེད་པ་ཡི།། མཁའ་ཀློང་གཞི་ནས་མ་འགགས་པས།། རྩལ་ཟེར་ཤེས་རིག་འོད་རླུང་ཤར།། ཅང་མེད་དང་ལ་ཅིང་ཡང
337b5 ཤར།། དངོས་མེད་དང་ལས་དངོས་ཀུན་ཤར།། ཡེ་མེད་དང་ལས་སྣ་ཚོགས་ཤར།། སྨེ་མེད་ངང་ལས་ཡིད་རིག་ཤར།། འགག་མེད་དང་ལས་སྒོ་གཉིས་ཤར།། ས་མ་ཟིན་པས་འཁོར་གསུམ་ཤར།། བརྡའ་མ་འཕྲོད་པས་འཁོར་གསུམ་ཤར།། རྩད
337b6 མཆོད་པས་གཟུབ་ལྔར་འཁྲུལ།། ཀློང་དུམ་བྷར་འགྲོ་དྲུག་འཁོར།། ཡེ་ཤེས་མ་ཤར་མ་རིག་ཤར།། གསལ་གདངས་མ་ཤར་མུན་པར་སྡང་།། བདེ་བ་མ་མྱོང་སྡུག་བསྔལ་མྱོང་།། ཡུལ་སེམས་དགག་བསྲུབ་གཟུང་འཛིན་དང་།། སྡང་བརྟགས་ཆགས་སྡང
337b7 ཕྱོགས་རིས་རྣམས།། བསམ་ལས་འདས་པ་བརྗོད་མི་རྫོགས།། རྩ་བ་མ་རིག་ང་བདག་དང་།། གཟུང་འཛིན་ཞེ་འདོད་བྱ་བཙལ་ཡིན།། ཡན་ལག་འགག་མེད་བསམ་མི་ཁྱབ།། ཅེས་གསུངས་སོ།། ཡན་ལག་ཤར་ལུགས་བསྟན་པའི་ལེའུ་སྟེ




iiif viewer powered by OpenSeadragon

337a - 338a

Texts on this page

Gdg002.21 - snying po bcud spungs nam mkha' klong yangs kyi rgyud