e-texts navigator
Collection
Volume
Page
Wylie

336b1 ཀ་དག་ལག་འཆང་ཐོབ་བྱའི་ཕྱིར།། ཤིན་ཏུ་ཟབ་པར་བཀའ་སྩོལ་ཅིག། ཅེས་ཞུས་སོ།། འདས་དང་མ་བྱོན་ད་ལྷ་གསུམ།། ཐ་སྙད་མིང་ལ་མི་གནས་ཏེ།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། སྔོན་མེད་གྱིས་མེད་གདོད་ནས་དང་།། ཞེས་གསུངས་སོ།། སྙིང་པོ
336b2 བཅུད་སྤུངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཕུན་སུམ་ཚོགས་པ་ལྔ་དང་།། འཁོར་གྱིས་གླེང་སྤོང་བའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་ཆོས་ཐམས་ཅད་འབྱེད་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།།
336b3 ནས་རྡོ་རྗེ་སེམས་དཔའ་ཡིས།། གསང་བའི་བདག་ལ་ཡང་ཞུས་པ།། སྤྱི་རྗེ་བྱར་མེད་ཇི་ལྟར་བཤད།། ཅེས་ཞུས་པ་དང་། གསང་བའི་བདག་པོ་ཏིང་ངེ་འཛིན་དེ་ལས་བཞེངས་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་འོད་ཟེར་མ་ལུས་མི་ལུས་ལུས་པ་མེད་པར་བསམ་གྱིས་མི
336b4 ཁྱབ་པ་སྤོས་ནས། མ་རིག་ཉོན་མོངས་དབང་གིས་ནི།། མ་ཤས་འཁོར་བར་འཁྱམས་པ་རྣམས།། སྟོན་པ་གསང་བའི་བདག་པོ་ཡིས།། འཁོར་བ་རྩད་གཅོད་རལ་གི་ཐོགས།། མ་རིག་མུན་སེལ་ཉི་ཟླ་སྟོན།། རིངས་ཤིང་ཡངས་པར་ལྗགས་བརྡུངས་ནས།། དུག་ལྔ་རྩད
336b5 གཅོད་འགྲོ་དྲུག་གི། གཡངས་གཅོད་པ་སྤྱི་ཏི་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། ཨཱ་དི་ཧྲྀ་ད་ཡ་ཧྲི་བཛྲ་མ་ཧཱ་སཱ་ལ་ཏོ།། བྱར་མེད་བློ་འདས་ཐེག་པ་འདི།། རང་གི་མཐུ་ཡིས་རྟོགས་པ་ལས།། ཆོས་ནི་གཞན་ནས་འདྲུང་མི་འགྱུར།། གླེང་བྲལ་བྱར་མེད
336b6 ལ་གནས་ན།། དངོས་མེད་ཀ་དག་རྣལ་མ་རྟོགས།། རྣལ་འབྱོར་ཡང་རབ་སྐལ་པ་བཟང་།། དགུ་རྩེ་བྱར་མེར་བློ་འདས་ལ།། མིང་ཙམ་འདི་ཞེས་བསྟན་པ་ནི།། གསང་བའི་བདག་པོས་མཚོན་དུ་མེད།། བྱར་མེད་བློས་བདགས་ལ་དོར་ཅིག། རྩོལ་བསྒྲུབ་བདེན་གཉིས
336b7 སུན་ཀྱང་ཞིག། བཤད་དུ་མེད་པར་བསྟན་པ་ནི།། བློ་དམན་དྲངས་ཕྱིར་བསྟན་པ་ལས།། ཀ་དག་དངོས་མེད་མཚོན་དུ་མེད།། ཅེས་གསུངས་སོ།། ནམ་མཁའ་གྲོང་ཡངས་ཀྱི་རྒྱུད་ལས། བུར་མེད་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་རྡོ་རྗེ




iiif viewer powered by OpenSeadragon

336a - 337a

Texts on this page

Gdg002.21 - snying po bcud spungs nam mkha' klong yangs kyi rgyud