| | e-texts navigator
|
336a1 འཁོར་རོ།། ཡེ་ནས་གནས་པའི་འཁོར་ཡང་འདི་ལྟ་སྟེ། ས་དང་། ཆུ་དང་། མི་དང་། རླུང་དང་། ནམ་མཁའོ།། སེམས་དཔའ་འ་རྗེ་ལ་སོགས་པ། སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དང་།
336a2 ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། གྲུལ་བུམ་ལ་སོགས་པ་ལྷ་མ་སྲིན་སྡེ་བརྒྱད་དང་། རིགས་ལྔའི་སངས་རྒྱས་དང་། སངས་རྒྱས་བྱེ་བ་ས་ཡ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་རྣམས་དང་ལྷན་ཅིག་ཏུ་བཞུགས་སོ།།
336a3 སམ།། སྙིང་པོ་སྡེ་མེད་གནས་ལུགས་ཇི་ལྟར་གནས།། ཡན་ལག་རྩལ་གྱི་འཆར་ལུགས་ཇི་ལྟར་འཆར།། ཡན་ལག་རྩལ་ཟེར་སྙིང་པོར་ཇི་ལྟར་ཐིམ།། དུག་གསུམ་རྩད་ནས་ཇི་ལྟར་གཅད་པར་བགྱི།། འཁོར་བའི་རྭ་ནི་གང་གིས་བཟློག་པར་བྱ།། འགྲོ་བདྲུག་གི་གཡང་ས
336a4 ཇི་ལྟར་གཅོད།། སྙིང་པོ་སྐྱེ་མེད་ཀ་དག་གང་གིས་རྟོགས།། གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད་པར་བྱ།། རྣལ་མ་རྟོགས་ནས་བལྟ་བསྒོམ་མི་འཚལ་ལམ།། ཆོས་རྣམས་པ་ལྡོག་ཇི་ལྟར་རྟོགས་པར་བྱ།། ཉོན་མོངས་དུག་ལྔ་རྔ་ལོག་ཇི་ལྟར་བསླར།། ཆོས་རྣམས
336a5 བདག་ལ་སྨན་པ་དང་།། བདག་དོན་བདག་འཁྲུག་བརྩེ་བས།། སེམས་ཅན་ཀུན་ལ་སྨན་པ་དང་།། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར།། སེམས་ཀྱི་ཁྱད་པར་ཇི་བཞིན་དུ།། དབང་པོ་བསམ་པ་མཁྱེན་མཆོག་གིས།། བདག་གི་ཞུས་ཚིག་བཅོ་བརྒྱད་པོ།། བདག་ཅག་མོས་ཚོགས་འཁོར་བཅས་ལ།། །
iiif viewer powered by OpenSeadragon
335b - 336b