e-texts navigator
Collection
Volume
Page
Wylie

335b1 ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། སྣོད་བཟང་ངན་གྱི་ཁྱད་པར་བསྟན་པས་རྒྱུད་གཏད་པའི་གནང་བསྟན་པའི་ལེའུ་སྟེ་ཉིད་གཅིག་པའོ།། ། དེ་ནས་རང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ།། རྒྱུད་འདི
335b2 འབྱུང་དུས་གང་གི་ཚེ།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆུད་འདི་འབྱུང་བའི་དུས་སུ་ནི།། དུས་ངན་ཡུལ་དབུས་བསྟན་པ་དམའ།། བདུད་དང་ལོག་ལྷ་མུ་སྟེགས་དང་།། སྡེ་འཁྲུག་གནས་གཞི་འཐབ་རས་བསྐོར།། ནད་ཀྱིས་ཆེ
335b3 བཙུན་དུག་ལ་སྦྱོར།། བཙུན་ཆེན་ཆུང་མ་ལེན་པ་དང་།། བཙུན་པས་བུ་ཆུང་གསོ་བ་དང་།། དགེ་སློང་ཚོད་ཁེ་བྱེད་པ་དང་།། མི་ཐུབ་རྣམ་གསུམ་བྱུང་དུས་ན།། དེ་དུས་ང་ཡི་རྒྱུད་འདི་འབྱུང་།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། བསྟན་པ
335b4 འབྱུང་དུས་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། ། ཆུད་ཐམས་ཅད་ཀྱི་རྩེ་རྒྱལ་བདུད་རྩི་བཅུད་ཟིགས་སྒྲོན་མ་བརྩེགས་པའི་ཀླུང་རྫོགས་སོ།། ། ཨུ་རྒྱན་པདྨས་བཤད་ལོ་ཙྪ་བ་སྐ་བ་དཔལ་བརྫོགས་ཀྱིས་བསྐུར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ
335b5 གདམས་སོ།། གདེར་ཆུ། ཟབ་རྒྱ། སྲས་རྒྱ། ཊཊ་དྷ། རྒྱ་གར་སྐད་དུ། ཧྲྀ་ད་ཡ་སུ་ར་རཱ་ཤི་ག་ག་ནཱ་\ུ྅བདྷི་བི་སྟཱ་ར་ཏརྠ། བོད་སྐ་དང་། སྙིང་པོ་བཅུད་སྲུངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད། སྔོན་གནས་ཡེ་ཐོག་མའི་སངས་རྒྱས་ལ་ཕྱག
335b6 འཚལ་ལོ།། འདི་སྐད་བདག་གིས་རྟོགས་པའི་དུས་གཅིག་ན། འོག་མིན་གྱི་གནས། སེམས་ཉིད་བདལ་བ་ཆེན་པོའི་ཞིང་ཁམས། ཀུན་གཞི་ཆོས་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་བཞུགས་སོ།། ཡན་ལག་རྩལ་གྱི་འཁོར
335b7 འདི་ལྟ་སྟེ། འོད་དང་ཟེར་ཡན་ལག་ཤེས་རིག་ཡིད་སེམས་དྲད་རྟོག་ཟླ་ལ་འཁོར་རོ།། རང་བྱུང་གི་འཁོར་ཡང་འདི་ལྟ་སྟེ། གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། བརྒྱལ་དང་། ཕྲག་དོག་གོ།། རང་བཞིན་གྱི་འཁོར་དང་། རང་བཞིན་རྟོག་པའི




iiif viewer powered by OpenSeadragon

335a - 336a

Texts on this page

Gdg002.20 - bdud rtsi bcud thigs sgron ma brtsegs pa'i rgyud
Gdg002.21 - snying po bcud spungs nam mkha' klong yangs kyi rgyud