e-texts navigator
Collection
Volume
Page
Wylie

335a1 སྐུད་དུབ་ཆུབ་པོ།། དངོས་མེད་ཟང་ཀ་གསལ་དངས་སྤྱི་ཡི་རྗེ།། བརྡའ་དེ་ཤེས་ན་བརྡའ་ཀུན་ཤེས་པར་འགྱུར།། འཁྲུལ་ཆད་མེད་མེད་ཅོལ་ཆུང་མང་པོ་ཆེ།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། བརྡའ་གཅིག་ཤེས་ན
335a2 བརྡལ་ཀུན་གྲོལ་བར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། ། དེ་ནས་དང་དངུས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ།། རྒྱུད་འདིའི་མཚན་ནི་ཇི་ལྟར་གཟུང་།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། འདི།
335a3 ལ་མཚོན་མེད་བརྗོད་མེད་ཀྱང་།། འཁོར་གྱིས་མཚན་འདི་གཟུང་ཕྱིར་བཤད།། བྱ་རྩལ་ཆགས་སྡང་བློ་ཆོས་བདུད།། བྱར་མེད་བློ་འདས་ཞེན་གཅོད་རྩི།། དེས་ན་བདུད་རྩིའི་རྒྱུད་དུ་ཟུང་།། སངས་རྒྱས་ཀུན་གྱི་ཐུགས་ཀྱི་བརྒྱད།། བཀའ་བཅུད་ཀུན་གྱི་རཅུད
335a4 འདུས་པས།། བཅུད་འདུས་ཆེན་པོའི་རྒྱུད་དུ་ཟུང་།། མ་རིག་འཁོར་བའི་མུན་དུ་མ་དེར་།། སྨོན་མ་བརྩེགས་པས་སེལ་བར་བྱེད།། སྒྲོན་མ་བརྩེགས་པའི་ཆུད་དུ་ཟུང་།། ཐེག་པ་མ་ལུས་གཉའ་གཅོག་ཕྱིར།། གཉའ་གཅོག་སྦྱི་ཏི་བྱ་བར་ཟུང་།། ཐག་པ་ཀུན
335a5 ལས་ལ་བློའི་ཕྱིར།། ལ་བློ་ཆེན་པོའི་རྒྱུད་དུ་ཟུང་།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། ། དེ་ནས་དང་དངས་ཁྱངྒ་ཆུང་གིས།། རྒྱུད་འདི་གཏད་པའི་གང་ཟག་གང་།། ཞུས་པས། སྟོན་པས
335a6 འཁོར་ལ་བཀའ་སྩལ་པ།། དད་དང་དམ་ཆོག་ཤེས་རབ་དང་།། བརྩོན་འགྲུས་བརྩེ་གདུང་གཏོར་པོད་ཆེ།། རྒྱུད་གཟང་བརྩོན་ལྡན་བློ་ཆེ་མྱུར།། བླ་མ་སྙིང་ལ་སེམས་པ་དང་།། མན་ངག་སྲོག་བཞིན་འཚོ་བ་ལ།། དགུ་རྩེ་སྠི་ཏིའི་རྟད་འདི་གཏད།། ཉོན་མོངས་མ
335a7 རིག་སེར་སྣ་དང་།། ལེ་ལོ་ལོག་ལྷ་ང་རྒྱལ་ཆེ།། དམ་མེད་རྒྱུ་དངན་ཐོགས་མཆེད་བསྡུ།། ཆེ་དག་དགེ་སློང་གཡོ་སྤུ་ཅན།། དེ་ན་བུལ་གྱི་ནབུར་ན།། བེའུ་སྤེལ་གཡང་ལ་བསྒྱུར་བ་བཞིན།། གཉིས་ཀ་རྡོ་རྗེ་དམྱལ་བར་འགྲོ།། དེ་བས་སྡོང་ལྡན་གདམས་པའི་རྩ




iiif viewer powered by OpenSeadragon

334b - 335b

Texts on this page

Gdg002.20 - bdud rtsi bcud thigs sgron ma brtsegs pa'i rgyud