| | e-texts navigator
|
334b1 གནད།། གནང་རྣམས་ཐམས་ཅད་དེ་འིས་ཐོབ།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས།། གནད་བསྟན་པའི་ལྕེགྶ་བཅུ་བརྒྱད་པའོ།། ། དེ་ནས་དང་དངས་ཁྱེང་ཅུང་གིས།། དམ་པ་དང་པོའི་ཀུན་བ་བང་ལ།། བརྡ་གཅིག་ནས
334b2 པས་བརྡའ་ཀུན་ཁྲོལ།། བརྡའ་ཡི་གནད་དེ་ཇི་ལྟར་ལགས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། མིང་མཐོགས་ཀྱི་སྔོན་རོལ་ན།། ཅང་མེད་ཐ་སྐད་གང་གིས་ཀྱང་།། མ་གོས་པ་ཡི་བརྡའ་གཅིག་ཡོད།། ཀུན་གཞི་རྩ་ལ་ཟེར་བར་ཤེད་ན། ཐམས
334b3 བསྐྱེད་བསྐུས་བརྡའ་གཅིག་ཡོད།། འོད་རླུང་ཤེས་རིག་པར་ཤེད་ན།། གྱུར་མ་གྱུར་གྱི་བརྡའ་གཅིག་ཡོད།། འཆར་སྒོ་འཁྲུལ་སྒོའི་བར་ཤེད་ན།། ལྡོག་ཐབས་གཉིས་ཀྱི་བརྡའ་གཅིག་ཡོད།། སངས་རྒྱས་སེམས་ཅན་པར་ཤེད་ན།། བར་ཆད་མེད་པའི་བརྡའ་གཅིག་ཡོད།།
334b4 མ་རིག་ཡེ་ཤེས་པར་ཤེད་ན།། བར་པར་བྱེད་པའི་བརྡའ་གཅིག་ཡོད།། དབྱིངས་དང་ཡེ་ཤེས་པར་ཤེད་ན།། བར་པར་བྱེད་པའི་བརྡའ་གཅིག་ཡོད།། འཁོར་བ་མྱང་འདས་པར་ཤད་ན།། བར་པར་བྱེད་པའི་བརྡའ་གཅིག་ཡོད།། ཨ་སར་ས་ཀ་རི། ཀུན་འདྲུར་བསམ་ཡས
334b5 ཀྱི་ལྷ་ཁང་ན། བར་རླག་དངོས་མེད་འདོད་མེད་བྱ་བྲལ་ལས་ཟིན་ནོ།། ཨརྡྷ་ཐིམ། སིདྡྷི་ཨ། བརྡའ་དེ་ཤེས་ན་བརྡའ་ཀུན་ཤེས་པར་འགྱུར།། རྣམ་དག་འོད་གསལ་ཆེན་པོའི་ལྷ་ཁང་ན།། བྱ་བྲལ་འདོད་མེད་དྲུག་པའོ།། བརྡའ་དེ་ཤེས་ན་བརྡའ་ཀུན་ཤེས་པར་འགྱུར།།
334b6 དངོས་མེད་ཟང་ཀ་ཀུན་མཁྱེན་ལྷ་ཁང་ན།། ཅིར་ཡང་མི་སྣང་གསལ་བའི་མེ་ལོང་ཅན།། བརྡ་འདེ་ཤེས་པས་བརྡང་ཀུན་ཤེས་པར་འགྱུར།། མཁའ་ཀློང་སྤྱི་ལྦ་བ་རིན་པོ་ཆེ་ཡི་འོད་ཁང་ན།། རྩོ་ཐུལ་མེ་ལོང་ཕྱོགས་མུ་མཐའ་དང་དྲག་པོ།། བརྡ་འདེ་ཤེས་ན
334b7 ན་འཀུན་ཤེས་པར་འགྱུར།། འཕེལ་འགྲིབ་མེད་པའི་རྣམ་དག་སྒྲ་ཁང་ན།། དངོས་མེད་ཀུན་གས་ལ་ཉི་ཟླའི་མ་ལོང་ཅན།། མ་ལུས་དྲུག་བྱེད་ཀུན་གྱི་སྦྱིམས་པོ།། མུན་སེལ་མེ་གསོད་མཚོ་སྐེམ་རྫ་བར་ལ།། རང་གཅིག་མདུད་ཀྲོལ་ཕྱོགས་འདེབས་པན
iiif viewer powered by OpenSeadragon
334a - 335a