e-texts navigator
Collection
Volume
Page
Wylie

334a1 ན།། ཆོས་རྣམས་ཐམས་ཅད་གྲོལ་བར་འགྱུར།། ཞེས་བཀའ་སྩལ་པ་དང་།། དེ་ནས་དང་རངས་ཁྱེད་ཆུང་གིས།། ཆོས་གཅིག་དེ་ནི་ཇི་ལྟར་ལགས།། གཅིག་ལ་དངོས་པོ་ཡོད་ལགས་སམ།། ཞེས་ཞུས་པ་དང་། སྨོན་པས་འཛེང
334a2 ལ་བཀའ་སྩལ་པ།། ཆོས་གཅིག་བྱ་བའི་རང་བཞིན་ནི།། གཞི་ཡི་ཀློང་ལས་མཚོན་མེད་ཀྱང་།། རྒྱལ་ཟེར་ཤེས་རིག་གཅིག་ཅེས་བརྗོད།། རིན་ཆེན་གསལ་དངས་དང་དངས་དེ།། ཡོད་པ་མ་ཡིན་དངོས་པོ་མེད།། མེད་པ་མ་ཡིན་གསལ་ཞིང་རིག། དངོས་མེད་ཡེ་ཤེས་ཟ
334a3 དངས་བྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ།། གནད་རྣམས་ཁྲོལ་བ་གཅིག་ཀུན་ནི།། ཇི་ལྟར་རང་སར་གྲོལ་བར་འགྱུར།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། མིང་མེད་ཕྱོགས་བྲལ་ཀུན་ཁབ་ཐོག་མའི་གནད།། ཡན་ལག་རྩལ་ཟེར་མིང
334a4 འདོགས་ཤ་མའི་གནད།། རྩལ་ཟེར་ཐོག་མའི་ཀློང་འདུས་གཉིས་མེད་གནད།། སྔོན་རོལ་ཅང་མེད་ཐོག་མའི་གནད།། གཡོ་བ་གསལ་ཁྱབ་ཐ་མའི་གནད།། སྔོན་རོལ་གསལ་ཐེབས་གཉིས་མེད་གནད།། སྙིང་པོ་ཆས་ཀྱི་ཐོག་མའི་གནད།། འདིར་ནི་རྩལ་ལག་ཐ་མའི་གནང།།
334a5 སྙིང་པོར་རྩལ་བྲིམ་གཉིས་མེད་གནད།། ཀུན་གཞི་མཁའ་ཀློང་ཐོག་མའི་གནད།། རིག་ཤེས་ཡིད་སེམས་ཐ་མའི་གནད།། དེ་དག་ཀློང་ཐིམ་གཉིས་མེད་གནད།། མ་བུ་གཉིས་མོད་དབྱེར་མི་ཤེས།། གནད་རྣམས་མ་ལུས་མོལ་བར་བཤད།། བྱ་གནང་ནམ་མཁའ་ཉ
334a6 གནད་ཆུ།། སྲོག་གནད་སྙིང་ལ་མེ་གནད་རྩེ།། སྣང་གསལ་ཉི་ཟླ་སེམས་གནད་དོན།། རིན་ཆེན་དངོས་མེད་ཀུན་གྱི་གཞི།། མི་སྡང་གསལ་བའི་བདག་ཉིད་ཅན།། དོན་གཅིག་ཅང་མེད་ཅིར་ཡང་གསལ།། མེ་སྣང་རང་བཞིན་ཡོད་པའོ།། དེས་ན་དངོས་མེད་ཀུན་གྱི




iiif viewer powered by OpenSeadragon

333b - 334b

Texts on this page

Gdg002.20 - bdud rtsi bcud thigs sgron ma brtsegs pa'i rgyud