e-texts navigator
Collection
Volume
Page
Wylie

333b1 ཕྲིན་ལས་ལྷ་དབང་རྫོགས།། དམ་ཆོག་མཐོང་བ་སྟོར་གཏོར་མ་རྫོགས།། མཎྜལ་ཆ་ཆ་བཤགས་པ་དང་།། རག་རྩ་སྨོན་ལམ་བྱས་འདབས་རྫོགས།། གཅིག་རྫོགས་གཉིས་རྫོགས་སེམས་སུ་རྫོགས།། ཡང་མད་མ་ལུས་སྔར་སྣང་རྫོགས།
333b2 ཡོངས་རྫོགས་སྐད་ཅིག་བྱེ་བྲག་ཕྱེད།། སྐད་ཅིག་ཉིད་ལ་མངོན་སངས་རྒྱས།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་སྤྱད་ལས། མ་འདྲེས་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཅོལྔ་པའོ།། ། དེ་ནས་རང་དངས་ཁྱེད་ཆུང་གིས།། དམ་པ་དང་པོ
333b3 ཀུན་བཟར་ལ།། མ་བྱས་རང་བྱུང་མཚོན་མེད་པས།། བྱར་མེད་བློ་འདས་ཐེག་པ་གང་།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། མ་བྱས་དང་བུ་རྩོལ་མེད་སེམས།། གདོད་ནས་དག་པའི་ཆོས་སུ་ཉིད།། ཁོར་ནས་འབྱུང་བསྐྱེ་བ་མེད།། རག་ཏུ
333b4 བརྗོད་པ་ཀུན་ལས་གྲོལ།། མཚོན་དུ་མེད་པའི་བརྗོད་པའི་མཆོག། མ་སྐྱེས་ཆོས་ཉིད་སེམས་ལས་འདས།། དངོས་མེད་འདོད་ཐལ་བློ་འདས་ཡིན།། དང་བྱུང་དང་དངས་བློ་ལས་འདས།། སྙིང་པོ་ཆོས་ཉིད་བློ་ལས་འདས།། བྱར་མེད་བཤད་མེད་མཚོན་དུ་མེད།།
333b5 རྩོལ་མེད་བསམ་བྲལ་ཀ་ནས་དག། དེས་ན་མཚོན་མེད་བློ་ལས་འདས།། བྱས་པའི་ཆོས་ནི་འདུས་བྱས་ཡིན།། འདུས་བྱས་ཆོས་ཀྱིས་སངས་མི་རྒྱ།། བཤད་པའི་ཆོས་ནི་ཐ་སྙད་ཡིན།། བླ་དགས་ཚིག་གིས་སངས་མི་རྒྱ།། བློས་བཏགས་ཆོས་ནི་འཁྲུལ་པ་ཡིན།།
333b6 འཁྲུལ་པའི་ཆོས་ཀྱིས་སངས་མི་རྒྱ།། བསྲུབ་ཆོས་རྩོལ་བསྒྲུབ་ཡིད་སྨོན་ཡིན།། ཡིད་སྨོན་ཆོས་ཀྱིས་སངས་མི་ཧྱ།། རྩོལ་བསྒྲུབ་མེད་པའི་ཆོས་ཤིག་དགོས།། ཞེས་གསུངས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། བྱར་མེད་མཚོན་མེད་བློ་ལས་འདས
333b7 པའི་ལེའུ་སྟེ་བཅུ་དྲུག་པའོ།། ། དེ་ནས་རང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ།། གཅིག་ཤེས་ཀུན་གྲོལ་ཇི་ལྟར་ལགས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆོས་གཅིག་དེ་བཞིན་ཉིད་ཤེས།།




iiif viewer powered by OpenSeadragon

333a - 334a

Texts on this page

Gdg002.20 - bdud rtsi bcud thigs sgron ma brtsegs pa'i rgyud