e-texts navigator
Collection
Volume
Page
Wylie

333a1 ས་ས་གས། ས་པས། ན་སཔ་ག། ལ་།། ནན
333a2 ཆེན་པོར་རྫོགས།། ཅེ་རྒྱལ་རྫོགས་ཆེན་གྱི་ཏེ་རྩ།། ཐེག་པ་བཅུད་ཁྲི་བཞི་སྟོང་རྫོགས།། མཐུ་གཉིས་མེད་གནས་གཉིས་སུ།། གདམས་དག་ཐམས་ཅད་འབ་བསུས་རྫོགས།། རང་སངས་དང་རྒྱལ་དང་གྲོལ་དྲ།། རྟོགས་ལུགས་བརྒྱད་ཁྲི་བནི་སྐང་རྫོགས།
333a3 ནམ་མཁར་འབུང་ལྷ་མ་འདྲེས་རྫོགས།། བར་སྣང་ཉི་ཟླ་གཟའ་སྐང་རྫོགས།། གནམ་སའི་ཀློང་དུ་སྐྱེ་འགྲོ་རྫོགས།། དཀྱིལ་འཁོར་ཀློང་དུ་ཚོན་ལྔ་རྫོགས།། ཟ་འོག་སྣམ་བུང་དར་སྣ་རྫོགས།། ཡིད་བཞིན་ནོར་བུར་རིན་ཆེན་རྫོགས།། དེ་བཞིན་སེམས་ཉིད་ཀྱི་ཏི་འདིར།།
333a4 ནང་ཐེག་པ་མ་ལུས་རྫོགས།། ཡེ་དག་བྱ་བྲལ་ཆོས་ཀྱི་སྲུར།། རྫོགས་ཆེན་ལྟབ་མ་ལུས་རྫོགས།། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། ཨ་ནུའི་བལྟ་བ་མ་འདྲེས་རྫོགས།། སྣང་སྟོང་ཐབས་དང་ཤེས་རབ་མེད།། མ་ཧཱའི་ལྟ་བ་མ་འདྲེས་རྫོགས།། སུམ་དུ་རྩ་བདུན
333a5 སྐྱེ་འགག་མེད།། ཡོ་གའི་ལྟ་བ་མ་འདྲེས་རྫོགས།། མར་སྤྱོད་ཡང་ལྷའི་རྩེ་གཉིས་མེད།། ཨུ་པའི་ལྟ་བ་མ་འདྲེས་རྫོགས།། དག་གསུམ་རིགས་གསུམ་མགོན་མེད་པས།། ཀྲི་ཡའི་ལྟ་བ་མ་འདྲེས་རྫོགས།། བདེན་པ་གཉིས་སུ་མི་བལྟ་བས།། དབུ་མའི་ལྷ་བ
333a6 མ་འདྲེས་རྫོགས།། ཡུལ་སེམས་གཉིས་སུ་མི་བལྟ་བས།། སེམས་ཙམ་ལྟ་བ་མ་འདྲེས་རྫོགས།། རྟེན་འབྲེལ་བཅཝ་གཉིས་མི་བཞབས།། རང་རྒྱལ་ལྟབ་མ་འདྲེས་རྫོགས།། བདག་མེད་ཕྱོགས་ཆ་མི་འདོད་པས།། ཉན་ཐོས་ལྟ་བ་མ་འདྲེས་རྫོགས།། རྟག་ཆད
333a7 གཉིས་སུ་མ་ལྷུང་བས།། མུ་སྟེགས་ལྟ་བ་མ་འདྲེས་རྫོགས།། དེ་ལྟར་གང་དུའང་མི་བལྟལ།། གང་ཡང་མ་འདྲེས་འདིར་རྫོགས་ཤིང་།། འདྲེས་དང་མ་འདྲེས་རྫོགས་མ་རྫོགས།། གཉིས་ཀ་གཉིས་མེད་རང་གྲོལ་བས།། ཆོས་རྣམས་མ་འདྲེས་སྤྱི་ཞིང་རྫོགས།། འཇུག་སྒོ




iiif viewer powered by OpenSeadragon

332b - 333b

Texts on this page

Gdg002.20 - bdud rtsi bcud thigs sgron ma brtsegs pa'i rgyud