| | e-texts navigator
|
332b1 སྟེ་བཅུ་གསུམ་པའོ།། ། དེ་ནས་དང་དངས་ཁྱེའུ་ཆུང་གིས།། རང་བཞིན་ཀུན་ཏུ་བཟང་པོ་ལ།། དངོས་གྲུབ་དམ་ཚིག་སྨོན་ལམ་གང་།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་གྲུབ་དངས་ཐུབ་ཅེས་བྱ་བ།། གཞན
332b2 ནས་བླང་བའི་ཡུལ་མེད་དེ།། རང་ལ་ཡེ་གནས་གདོད་ནས་གྲུབ།། གྲུབ་ཟིན་དོན་ལས་མ་འདས་ན།། ཐུན་མོང་བསྒྲུབ་པ་བྱ་མི་དགོས།། དངོས་ནི་ཆོས་ཉིད་ཀྱེ་མེད་དེ།། གྲུབ་པ་རྟོགས་པའི་ཡེ་ཤེས་ཏེ།། ཐོབ་ནི་ཆོས་སུ་སྐྱེ་མེད་ཐོབ།། དངོས་ནི་རང་གསལ་རིན་པོ་ཆེ།།
332b3 གྲུབ་པ་དེ་རྟོགས་ཤེས་རབ་ཡིན།། དངོས་ནི་དངོས་མེད་ཆོས་ཀྱི་སྐུ།། སྐྱེ་ཤི་འཕོ་གྱུར་མེད་པར་གྲུབ།། དངོས་ནི་སྙིང་པོ་དོན་གྱི་ཀློང་།། གནས་གཞི་གཏན་ལ་ཕེབས་པ་ཡིས།། འཁྲུལ་བཅད་ནས་ཆོད་པས་གྲུབ།། དངོས་ནི་ཀྱཻ་ཏིའི་གནས་ལུགས་ཏེ།།
332b4 གྲུབ་མཐའི་རྒྱ་ལས་གྲོལ་བས་གྲུམ།། ཡང་དག་དོན་གྱི་དམ་ཚིག་ནི།། དབྱེར་མེད་གདེང་ལས་མི་འདའ་དང་།། སྙིང་པོའི་དོན་ལས་མི་འདའ་དང་།། རྟོགས་པའི་དོན་ལས་མི་འདའ་དང་།། མགུ་རོ་སྤྲོད་ཉམས་ལེན་ལས།། རྟག་ཏུ་མི་འདའ་དམ་ཚིག་ཡིན།།
332b5 བླ་མེད་མཆོག་གི་སྨོན་ལམ་ནི།། མ་བཟོད་ཐོག་མའི་གཞིར་ཕྱིན་དང་།། རང་གནས་སྨོན་པའི་སར་བྱོསྩོལ་དང་།། ཆོས་དབྱིངས་བླ་མེད་ཀློང་དཀྱིལ་དུ།། རྩལ་ཟེར་རིག་པ་རང་སར་ཐི་མ།། ཐི་མ་དང་མཐིམ་མུ་མཐའ་སྟོང་།། སྨོན་པའི་སངས་རྒྱས་རང
332b6 ལས་རྙེད།། ལྗོན་ལམ་ཞེས་བྱ་ཐ་སྙད་བཏགས།། བསམ་མེད་བྱ་བྲལ་མཐའ་ཟོལ་ཏེ།། མ་བཙལ་དང་གནས་རྟོགས་པ་ལ།། སྨོན་ལམ་ཞེས་བྱར་བཏགས་པ་ཡིན།། ཚེ་འདིར་བཏབ་ཅེས་རྩོམ་པ།། ཐོབ་ཏུ་རེ་བའི་ལྟོས་མེད་པར།། སྙིང་པོ་ཆོས
332b7 སྠ་རང་ལས་རྙེད།། རྐད་དང་མཉེད་གཉིས་ཀ་དང་།། གཉིས་མེད་མུ་མཐའ་རང་སར་གྲོལ།། ཡང་རྩེ་ཏིའི་སྨོན་ལམ་ཡིན།། ཞེས་གསུངས་སོ།། སྨོན་མ་བརྩེགས་པའི་རྒྱུད་ལས། དངོས་ཐབ་དམ་ཚིག་སྨོན་ལམ་བསྟན་པའི་ལེའུ་སྟེ་འདྲ་བཞི་པདོ།།
iiif viewer powered by OpenSeadragon
332a - 333a