e-texts navigator
Collection
Volume
Page
Wylie

325b1 མཐིམ་པས།། ཐོད་ལས་ཟུར་ཤར་ཤེས་པར་རི།། མ་དན་མ་ཤས་གཉིས་འཛིན་ཞུགས།། གནས་ལགས་མཏོགས་ས་མ་ནིང།། རིག་པར་སྣང་བ་མརྟོགས་ན།། ག་པ་ཡང་དང་སམས་གསུམ་ལ།། རང་ས་མཐེན་འཁང་ལག་སམ།། འབྲང།
325b2 རླུང་གིས་རྒྱུ་བྱས་ནས།། སྒྲིབ་གཡོགས་མུན་པས་བར་བཅད་དེ།། འབྲས་བུ་མུན་པའི་འཁོར་སྒོར་ཆུད།། ལྷ་ཚོགས་གཟུགས་ཅན་སེམས་ཅན་རྣམས།། གཅིག་འཛིན་འགྲུ་བའི་ཡིད་ལས་སྐྱེས།། སྣ་ཚོགས་རྣམ་རིག་གཟུགས་དོན་ཅན།། དངོས
325b3 པོའི་དོན་རྣམས་ཀུན་ལ་ཆགས།། སེམས་ཅན་ཀུན་གྱི་ཡིད་མགྱོགས་པས།། ཁམས་གསུམ་ཀུན་གྱི་ཡིད་ལ་འཇུག། ཕུང་པོ་ལྔ་པོ་ཀུན་ལ་རྟོག། སྲིད་པའི་དྲ་བར་འཐུམས་པ་ཡིས།། མ་རིག་སྒོ་ལྔའི་སྦུབས་སུ་ཆུད།། གཉིས་འཛིན་གཟུགས་བརྟན
325b4 མ་ལུས་འཆར།། དངོས་པོ་ཀུན་ལ་གཟུང་འཛིན་པས།། སྲིད་རྩའི་ཡན་ལག་བཅུ་གཉིས་སྟོན།། རྣམ་ཤེས་ཚོགས་བརྒྱད་ཆགས་སྡང་བས།། ཉོན་མོངས་ཉེ་བའི་ཉོན་མོངས་དྲུག། ཁམས་གསུམ་འཁོར་བའི་གནས་སུ་འཁྱམས།། མ་གྲུབ
325b5 བཞིན་དུ་འཁྲུལ་སྡང་བའི།། ལྷག་བསྔལ་བརྒྱད་ཁྲི་བཞི་སྟོང་མྱོང་།། ཞེས་གསུངས་སོ།། བདུད་རྩི་བཅུད་བསྡུས་སྒྲོན་མ་བརྩེགས་པའི་རྒྱུད་ལས། གནས་ལུགས་མ་རྟོགས་འཁྲུལ་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས
325b6 ངང་དངས་ཁྱེའུ་ཆུང་གིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། འདུག་ཚུལ་མ་རྟོགས་འཁྲུལ་པ་དེའི།། ། འཁྲུལ་གཞི་རྩད་ནས་ཇི་ལྟར་གཅོད།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་པོ་གཤིས་ཀྱི་གནས་ལུགས་ལ།
325b7 འཁྲུལ་དང་མ་འཁྲུལ་མིང་མེད་དེ།། གཉིས་འཛིན་བློ་ལ་འཁྲུལ་པ་བྱུང་།། མ་རྟོགས་རིགས་དྲུག་འཁྲུལ་བཅས་པ།། རབ་འབྲིང་ཐ་མ་གསུམ་དུ་བཤད།། སྐལ་ལྡན་རབ་ཀྱི་ཡང་རབ་ལ།། འཁྲུལ་པ་རྩད་གཅོད་མི་དགོས་ཏེ།། འཁྲུལ་པར་ཤེས




iiif viewer powered by OpenSeadragon

325a - 326a

Texts on this page

Gdg002.20 - bdud rtsi bcud thigs sgron ma brtsegs pa'i rgyud