e-texts navigator
Collection
Volume
Page
Wylie

324b1 དང་། བླ་མར་བྱིན་གྱིས་འཇིག་བྲལ་མེད་།། གཉིས་མེད་མཁའ་ལྟར་མཉམ་ཉིད་གནས།། རབ་སྟང་པ་རྩལ་དང་བྲལ།། འདི་ཞེས་རྗེས་ཀྱང་བསྟན་དུ་མེད།། མ་བསྒྲིབས་མཚན་མེད་གསལ་དག་དང་།། རྟོག་མེད་ཀུན་འབྱུང་ཟད་པ་ཤེས།། གང
324b2 ཡང་ཕྱོགས་མེད་མཐའ་བཞི་གྲོལ།། ཡུལ་སྡང་བག་དག་སངས་རྒྱས་ཉིད།། འབྲུ་མེད་དྲང་པོར་རྒྱུ་ནསར་གྲོལ།། བཅོས་མེད་བློ་འདས་ངོ་བོ་ཉིད།། བསླད་པས་མི་བསྒྲིབ་ཡང་དག་དང་།། ཐམས་ཅད་གཞི་འཛིན་བྱང་ཆུབ་སེམས།། གཞན་ནས་མ་བཙལ་ཀ་ནས་དག
324b3 གང་ཡང་མ་བསྒྲུབས་ཕྱོགས་རིས་མེད།། དགག་བསྒྲུབ་གཅིག་འཛིན་རྒྱ་ཆད་མེད།། འཁོར་འདྲས་ལ་སོགས་གཉིས་དབྱེར་མེད།། རྩོལ་བདྲུ་བ་ལམ་གྱི་བཅོས་དང་བྲལ།། ལྟ་བྱེད་མིང་དང་རང་སངས་རྒྱས།། གཉིས་འཛིན་བློས་བཏགས་གྲུབ་མདང་སྟོངས།། སྒོམ
324b4 བྱེད་གཡོ་རྩོལ་ཡི་གྲོལ་བས།། འབྱུང་འཇུག་བཏང་བཞག་དབྱིངས་སྭ་དངས།། སྐྱོན་ཡོན་དཔྱོད་བྱེད་མིང་མེད་པས།། གཉིས་འཛིན་བླང་དོར་ལས་རྣམས་ཟིན།། དགེ་སྡིག་མཚན་མའི་ཆོས་འདས་པས།། དམ་ཚིག་སྡོམ་པའི་དགག་སྒྲུབ་སངས།། ཀ་དག་ཡེ་ཤེས
324b5 སྣད་མེད་པས།། དངོས་མེད་ཡུལ་གྱི་སྒྲིབ་བྱེད་སངས།། ཆོས་ཉིད་རྣམ་པ་ཡུལ་མེད་པས།། སྟོང་ཉིད་ངང་ལ་གནས་པ་སྟོང་།། གཉིས་འཛིན་མཚན་མ་དངོས་དག་པས།། གཟུང་འཛིན་དབྱེ་བསལ་ཆོས་ལས་འདས།། ཤེས་མེད་རྣལ་མ་གཏིང་ཡངས་པས།།
324b6 མདོ་རྒྱད་ཆོས་རྣམས་ཀློང་དུ་སངས།། མདོར་ན་གཉིས་འཛིན་ཆོས་རྣམས་ཀུན།། ཕྱོགས་སུ་ལྷུང་དང་མ་ལྷུང་དང་།། དེ་ལྟར་གཉིས་དང་གཉིས་མེད་ཀྱི།། མུ་མ་ཐའི་ཚོགས་ལས་གཏན་གྲོལ་བས།། ཡེ་གྲོལ་ཆོས་ལས་འདས་པ་ལས།། ཅུ་ཆད་མེད་པའི་ངོ་བོར
324b7 གནས།། ས་གསེར་བང་མཛོད་རྒྱ་མཚོ་བཞིན།། དངོས་པོ་གཤིས་ཀྱི་མཐུན་དཔའོ།། ཞེས་གསུངས་སོ།། རློན་མ་བརྩེགས་པའི་རྒྱུད་ལས། དངོས་པོ་གཤིས་ཀྱི་འདུག་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་དང་དངས་ཁྱེང་ཆུང




iiif viewer powered by OpenSeadragon

324a - 325a

Texts on this page

Gdg002.20 - bdud rtsi bcud thigs sgron ma brtsegs pa'i rgyud