e-texts navigator
Collection
Volume
Page
Wylie

324a1 བྷྱ། དེ་ཏཱ་གསངས།། གཅིག་ཞེས་ཀུན་རྒྱས་ཆ་ག་གང་ལགས།། གནད་གཅིག་ཤེས་པས་གནད་ཀུན་དེ་ལྟར་ཁྲོལ།། གཅིག་བརྡརང་ཀུན་པ་དྲུང་ང་ཝར་ཤེས་པར་བྱ།། བདག་ཏུག་རྣམས་ལ་ཟབ་པར་བ་ད་ས་ཅ།
324a2 ཞུས་སོ།། སྒྲོན་མ་བརྩེགས་པའི་རྒྱུད་ལས། འཁོར་གྱིས་གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། དམ་པ་དང་པོའི་སངས་རྒྱས་ལ།། དངོས་པོ་གཤེས་ཀྱི་གནས་ལུགས་གང་།། ཞེས་ཞུས་པ་དང
324a3 དེ་ནས་དམ་པ་དང་པོའི་སངས་རྒྱས་དེ།། སྣ་ཚོགས་ཀློང་འོད་གསལ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེ་ལས་བཞེངས་ནས་བཀའ་སྩལ་པ།། འཁོར་ནས་དང་དངས་ཁྱེའུ་ཆུང་ཉོན།། དངོས་པོ་གཤིས་ཀྱི་འདུག་ཚུལ་དེ།། མཚོན
324a4 བརྗོད་ཚིག་གིས་མི་ཕེབས་ཀྱང་།། དཔལ་གྱི་མགུར་གྱི་སྒྲོན་མ་ཡིས།། འཁོར་རྣམས་ཀུན་ལ་གསལ་བར་བཤད།། གནས་ལུགས་གཤིས་ཀྱི་འདུག་ཚུལ་ནི།། ཡོད་མེད་སྟོང་དང་མི་སྟོང་དང་།། མཚོན་བརྗོད་ཚིག་གིས་མཚོན་ལས་འདས།། སྐྱེ་འགག
324a5 གཉིས་མེད་ཐ་སྙད་གྲོལ།། སངས་མེད་རྒྱས་མེད་སྐུ་དངོས་མེད།། བྱང་ཆུབ་སེམས་མེད་རིགས་ལྔ་མེད།། བདེ་སྡུག་འཁོར་དང་མྱང་འདས་མེད།། རིག་འགྱུ་སེམས་མེད་དྲན་རྟོག་མེད།། ང་གཞན་ཕྱོགས་མེད་དགྲར་གཉེན་མེད།། ཡུལ་སེམས་བཟང
324a6 ངན་སྲད་ལེན་མོད།། ཡིན་མིན་དབྱེ་བསལ་ཕྱོགས་མཚམས་མེད།། ཤེས་འཁྲུལ་སྒོ་གཉིས་རང་བཞིན་མེད།། གཞི་ཡི་རང་བཞིན་ཡོད་མེད་མཉམ།། ཚོ་གས་བརྒྱད་ཡུལ་དུ་མ་གྱུར་པས།། རྒྱ་ཆད་ཕྱོགས་ལྷུད་ཀུན་ལས་གྲོལ།། གཉིས་འཛིན
324a7 འཁོར་འདས་ཀ་ནས་དག། འཁོར་འདས་ཕྱོགས་མེད་ལྷུན་གྱིས་གྲུབ།། གང་ཡང་མ་འགགས་འདི་ཡིན་མེད།། ཐོག་མ་རྒྱུ་ཡིས་མ་བསྐྱེད་པས།། མཐའ་བྲལ་དབྱིངས་ཀྱི་ནམ་མཁའ་འདྲ།། བར་དུ་རྫས་མེད་འདུས་མ་བྱས།། ཉི་མར་འོད་འཕྲོའི་འོད་ཟེར




iiif viewer powered by OpenSeadragon

323b - 324b

Texts on this page

Gdg002.20 - bdud rtsi bcud thigs sgron ma brtsegs pa'i rgyud