| | e-texts navigator
|
323b1 མེད་ཀྱི་ཏིང་ངེ་འཛིན་ལ་བཀླགས་པ།། དཱ་ལས་བཞངས་ནས་འཁོར་པ་འདིག་གསུངས།། བུང་ཟད་ཐོ་འདས་ནས་ཤིག་བཤད།། གཁོང་རྣམས་པ་ཡངས་གུས་པས་ཏོན།། ཏིང་པོའི་རང་བཞན་ཀྱང་གག་གཉིས་ཟད་ཀྱང་།། རང་བླང་རྩལ་གྲཝ་ཤས་པ་བྲལ་བ་ཤད།། རྫས་ཉིང་དུ
323b2 འདུས་མཚོན་དུ་མེད་པ་ལ། བདུད་རྩིའི་མན་ངག་སྔོན་མ་བརྩེགས་པ་བཤད།། བཤད་པའི་ཆོས་ནི་ཐ་སྙད་ཡིན།། མཚོན་དུ་མེད་པའི་ཆོས་ཤིག་བཤད།། བྱས་པའི་ཆོས་ནི་འདུས་བྱས་ཡིན།། མ་བྱས་རང་བྱུང་ཆོས་ཤིག་བཤད།། བུ་ཅོལ་ཆོས་ནི་རྩོལ་བསྡུ་ཡིན།། བྱད་མེད
323b3 བསྒྲུ་བ་ཐལ་བའི་ཆོས་ཤིག་དགོས།། བློས་བཏགས་ཆོས་ལ་མཐར་ཐུག་མེད།། གློ་འདས་མཐར་ཐུག་ཆོས་ཤིག་བཤད།། བསྒྲུབ་པའི་ཆོས་ནི་དེ་དགས་ཡིད་སྔོན་ཡིན།། ཡེ་ཡིན་རང་ས་གནས་པའི་ཆོས་ཤིག་བཤད།། ཟད་པར་བདལ་ཐུག་པའི་ཐུག་པར་བཤད།། གཅིག་ཤེས་ཀུན་ཀྲོལ་ཆོས་ཤི་ག
323b4 ཡིས་བཤད།། བརྡའ་གཅིག་བརྡའ་ཀུན་གྲོལ་བའི་ཆོས་ཤིག་བཤད།། གནད་གཅིག་གནད་ཀུན་གྲོལ་བའི་ཆོས་ཤིག་བཤད།། བློ་ཟད་ཐོག་མའི་སར་སྒྲིབས་ཆོས་ཤིག་བཤད།། བྱ་བྲལ་ཡེ་བཞག་སྙིང་པོ་ཆོས་ཤིག་བཤད།། ཅེས་གསུངས་སོ།། བདུད་རྩི་བཅུད་བསྡུས་སྒྲོན་མ་བརྩེགས་པའི་རྒྱུད
323b5 ལས། ཕུན་སུམ་ཚོགས་པ་དང་གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་སངས་རྒྱས་ལ་ཞུས་པ།། དངོས་པོ་གཤེས་ཀྱི་འདུག་ཚུལ་ཇི་ལྟར་ལགས།། འདུག་ཚུལ་མ་རྟོགས་འགྲོ་དྲུག་ཇི་ལྟར་ལགས།། འཁོར་བརྩད་ནས་ཇི་ལྟར
323b6 བཅད།། རྟོགས་ཐབས་གང་གིས་ཇི་ལྟར་རྟོགས།། རྟོགས་ན་འབྲས་བུ་ཇི་ལྟར་ཐོབ་པར་འགྱུར།། ཐོབ་ནས་མི་འགྱུར་བཏན་པ་ཇི་ལྟར་ཐོག། འོག་མ་རྣམས་ལ་སྐྱོན་ནི་ཅི་ཞིག་མཆིས།། རིམ་པ་དགུ་ལས་གྱི་ཏི་གང་གིས་འཕགས།། མ་བསྲུང་དབང་དང་ཕྱོགས་བྲལ
323b7 དཀྱིལ་འཁོར་གང་།། ཕྲིན་ལས་སྤྱན་དྲངས་ལྷ་ཚོགས་མཆོད་བསྟོད་གང་།། དངོས་གྲུབ་དམ་ཚིག་སྨོན་ལམ་ཇི་ལྟར་ལགས།། ཐམས་ཅད་མ་འདྲེས་ཡོངས་སུ་ཇི་ལྟར་རྫོགས།། མ་བྱས་རང་བྱུང་བྱར་མེད་བཤད་མེད་གང་།། མཚོན་མེད་བློ་འདས་ཐེག་ས
iiif viewer powered by OpenSeadragon
323a - 324a