| | e-texts navigator
|
323a1 འདི་སྐད་བདག་གིས་ཟས་པའི་དུས་གཅིག་ན། རིན་པོ་ཆེའི་གནས་མི་མྱོད། མས་ཉིད་ཀྱི་དབྱིངས། འདགསལ་གྱི་མཁའ། རང་བྱུང་གི་གནས། ཀུན་གཟའང་དང་། འདགས་ལནམ་དག། བ་རྒྱུ
323a2 ཁྱབ་པའི་དཀྱིལ་འཁོར། སྒྲིབ་པ་མེད་པར་རང་བཞིན་གྱིས་འོད་གསལ་བ། རྒྱ་གར་ཡང་མ་ཆད་པ། ཕྱོགས་གང་དུ་ཡང་མ་ལྷུང་བ། མཐའ་གར་ཡང་མ་རེག་པ། རིན་པོ་ཆེ་རྣམ་དག་འོད་གསལ། ངད་དངས་རང་གསལ་གྱི་ལྷ་ཁང་ན།
323a3 པ་དང་པོའི་སངས་རྒྱས་དབྱེར་མེད་སྔོན་ཐོག་ཡེའི་སངས་རྒྱས། རང་བཞིན་ཀུན་དུ་བཟང་པོ་བཞུགས་སོ།། དེའི་ཚེ་སྨིན་པ་ཆེན་པོའི་འཁོར་ཡང་འདི་ལྟ་སྟེ།། རང་རྩལ་འོད་གསལ་གྱི་འཁོར་དང་། ངང་དངས་རྣམ་དག་གི་འཁོར་དང་། རང་དངས་རང་གས
323a4 གྱི་འཁོར་དང་། རང་བྱུང་རང་རླག་དབྱེར་མེད་པའི་འཁོར་རོ།། གཞན་ཡང་རྩལ་ལྗང་ཟེར་གྱི་འཁོར་དང་། འོད་གསལ་ཀུན་ཁྱབ་ཀྱི་འཁོར་དང་། ཡན་ལག་བུའི་འཁོར་དང་། མཚན་ཉིད་རིག་པའི་འཁོར་དང་། འགྱུ་བ་ཡིད་ཀྱི་འཁོར་དང་།
323a5 གསལ་བ་སེམས་ཀྱི་འཁོར་དང་། ཉིད་ཀྱི་རང་བཞིན་གྱི་ཁོར་དང་། རང་བྱུང་སྤོས་གཅོད་ཀྱི་འཁོར་དང་། རང་སངས་རྣམ་དག་རང་བཞིན་རྟོགས་པའི་འཁོར་རོ།། འཁོར་ཕུན་སུམ་རྫོགས་པའོ།། འདས་དང་མ་འོངས་ད་ལྟར་གྱི།། དུས་གསུམ
323a6 གཅིག་སྟེ་ཁྱད་པར་མེད།། དུས་ཕུན་སུམ་ཚོགས་པའོ།། བསྟན་པའི་རྒྱལ་པོ་དག་རྩེ་སྤྲོ་འདས་གསུངས།། བྱད་མེད་ལྷུན་རྫོ་ཐ་བདྲ་བ་མེད་འབྲས་བུ་།། བསྟན་པ་ཕུན་སུམ་ཚོགས་པའོ།། དེའི་ཚེ་འཁོར་གྱི་ནང་ནས། ངང་དངས་ཁྱེའུ་ཆུང་སྟན་ལས་ལངས་ཏེ།
323a7 འཚལ་ནས་གུས་པས་འདི་སྐད་ཞུས་སོ།། དམ་པ་དང་པོའི་སངས་རྒྱས་ཀུན་བཟང་ཁྱེད་ལ། བཤད་མེད་བྱར་མེད་བློ་འདས་དོན།། བསྒྲུབ་ཏུ་མེད་པའི་ཆོས་ཤིག་ལྔ།། ཞེས་ཞུས་པ་དང་། དེ་ནས་དམ་པ་དང་པོའི་སངས་རྒྱས་དེ། རང་བཞིན་ཡོངས་རྫོགས་དབྱེར་མེད་བློ་འདས་སྤྲོས་བྲལ་མཚོན།
iiif viewer powered by OpenSeadragon
322b - 323b