| | e-texts navigator
|
322b1 སྩལ་པ།། སྙིང་པོ་ཐག་ལ་བཅུད་སྤངས་པས།། ཐིག་ལ་ཡེ་ཤས་བཅུད་སྤངས་རྒྱུད།། མ་རིག་མུན་པ་སལ་བའི་ཕྱིར།། བཅུད་སྲུངས་སྒྲོན་མའི་རྒྱུང་དུ་ཟུང་།། སྒྲིབ་གཡོགས་བག་ཆགས་སེལ་བས་ན།། སྐོན་མ་འབར་བའི་ཆུང་དུ་ཐུང་།
322b2 ཐིག་པ་དགུ་ལས་སྔགས་པའི་ཕྱིར།། དགུ་རྩེ་སྤྱི་རྗེའི་ཐེག་པར་ཟུང་།། སྣང་གསལ་འོད་གསལ་སྟོན་པའི་ཕྱིར།། སྒྲོན་མ་གསལ་ཁྱབ་རྒྱུད་དུ་ཟུང་།། སྙིང་པོ་ཐིག་གིའི་དོན་བསྡུས་ཕྱིར།། ཡང་གསང་བཅུད་འདུས་ཅད་དུ་ཐུང་།། ཞེས་པ
322b3 སོ།། སྒྲོན་མ་འབར་བའི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས་ཞུས་པ། རྒྱུད་འདི་གང་ཟག་གང་ལ་གཏད།། ཅེས་ཞུས་པ་དང་། སྟོན་པས་གཏད་པའི་གནས་བསྟན་པ།། ལས་འགྲེ་སྐལ་བར་ལྡན་པ་ནི།།
322b4 རྒྱུད་བཟང་ཤིས་ཆེ་དམ་ཚིག་བསྲུང་།། རྣམ་སྨིན་ལ་འཛིམ་གཏོང་ཕོད་ཆེ།། གུས་ལྡན་གསང་ཐུབ་དྲང་ལ་བརྟན།། དེ་ལྟ་བུ་ལ་རྒྱུད་འདི་གཏད།། དཔེང་ན་སེང་གེའི་འོ་མ་ཡང་།། རིན་ཆེན་གསེར་ཟོར་བླུགས་པ་ལས།། སྣོད་ངན་ཕལ་དུ་ཐུགས་ཀྱུར་ཀྱང་།། སྡོད་ཀྱང་ཆག་ལ
322b5 བཅུད་ཀྱང་འབོ།། དེ་བཞིན་ཐིག་ལེ་བཅུད་སྲུངས་ཀྱང་།། སྣོད་ངན་རྣམས་ལ་གཏེར་གྱུར་ན།། ཆོས་ཀྱང་འཚལ་ལ་བཀའ་ཆད་འོང་།། ཞེས་གསུངས་སོ།། ཐིག་ལེ་ཡེ་ཤེས་བཅུད་སྲུངས་སྒྲོན་མ་འོད་འབར་བའི་རྒྱུད་ལས། རྒྱུད་གཏད་པའི་གནས་བསྟན་པའི་ལེའུ་སྟེ
322b6 བཅུ་བདུན་པའོ།། ། ཐིག་ལེ་ཡེ་ཤེས་བཅུད་སྤུངས་སྒྲོན་མ་འོད་འབར་བའི་རྒྱུད་རྫོགས་སོ།། ། ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང་། འོ་ཙྪ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙུན
322b7 ལ་གདམས་པ། གཏེར་ནྱ། སྦས་རྒྱ། གཏང་རྒྱ།། རྒྱ་གར་སྐད་དུ། ཨ་མྲི་ཏ་ར་ས་བིནྡྷ་དྷི་བ་ཀུ་ཊཏནྟྲ། བོད་སྐད་དུ། བདུད་རྩི་བཅུང་ཐོགས་སྒྲོན་མ་བརྩེགས་པའི་རྒྱུད། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ།།
iiif viewer powered by OpenSeadragon
322a - 323a