e-texts navigator
Collection
Volume
Page
Wylie

322a1 དུངས་སུམ་ཆགས་གད་སྟོན་ལམ་རྫོགས།། བལྟ་བ་ཀྲམ་སྤྱོད་འབྲུས་དུག་ཐམས་རྒྱམ་པ་རྫོགས།། ཕརོལ་སྦྱིན་དྲུག་ལས་ལས་བན་རྫོགས།། བྱས་དང་གཙང་ཐམ་ནན་མ་ཡོད་མ་རྫོགས།། དམ
322a2 རྫས་ཏན་གཎ་མ་བསྐྱེད་རྫོགས་ཚུལ་རྫོགས།། མེད་པ་ཕྱལ་པ་གཅིག་པུ་ལྷུན་གྲུབ་རྫོགས།། དགུ་རྩེ་བྷི་ཏིང་བརྒྱད་ཁྲི་བཞི་སྟོང་རྫོགས།། སྡང་སྲིད་འཁོར་འདས་འུབ་ཆུང་རྫོགས།། རྫོགས་ལུགས་བསྟན་པའི་ལེའུ་སྟེ་བཅཝ་གསུམ
322a3 པའོ།། ། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཀུན་བཟང་ལ།། ཐེག་པ་དགུ་རྩེ་ལཱི་ཏཱི་ལ།། གལ་སྤོབ་ཁྲུལ་པ་ཡོད་དམ་མེད།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལོ་བཀའ་སྩལ
322a4 པ། སྠི་ཏི་ཡོ་ག་འདི་རྟོགས་ནི།། གོལ་སླེབ་འཁྲུལ་པ་གང་ཡང་མེད།། དངོས་མེད་ཀ་དག་རྣལ་མ་རྟོགས།། གོལ་ཧཱུ~ཾ་བྲེ་འཁྲུལ་པའི་མིང་ཡང་མེད།། མེ་རྟོག་བློལ་གོལ་སྒྲིབ་མེད།། ཅེས་གསུངས་སོ།།
322a5 རྫོགས་ན་གོལ་སྒྲིབ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། ། དེ་ནས་དང་དངས་ཀྱིས་ཞུས་པ།། གངས་པའི་གནད་ནི་ཇི་ལྟར་ལགས།། ཞེས་ཞུས་པ་དང་། དངོས་མེད་སྟོན་པས་བཀའ་སྩལ་པ།། ཤེས་རིག
322a6 ཡིད་སེམས་དྲན་ཏོག་ཅན་གྱི་བློ།། གང་ལའང་འཛིན་མེད་འདི་ཡིན་ཏེ།། སྣང་སྲིད་གང་སྣང་དབྱེ་དང་བཙལ་མེད་པར།། རང་སར་གྲོལ་ན་གནད་ཡིན་ངེས་འཚལ་ལོ།། ཞེས་གསུངས་སོ།། སྒྲོན་མ་འབར་བའི་རྒྱུད་ལས། གང
322a7 པའི་གནད་མཆོག་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་གསཔ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཆོས་སྐུལ།། རྒྱུད་འདིའི་མཚན་ནི་ཇི་ལྟར་གཟུང་།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ




iiif viewer powered by OpenSeadragon

321b - 322b

Texts on this page

Gdg002.19 - thig le ye shes bcud spungs sgron ma 'od 'bar ba'i rgyud