| | e-texts navigator
|
321a1 ཏེ།། བློས་བཅོས་བྱས་ཆོས་ཐམས་ཅད་སུན་ཕྱུང་ཞིག། བདེན་གཉིས་ཞེ་འདོད་ཐམས་ཅད་ལ་དོར་ཅིག། ཡེ་ནས་ལས་ཟིན་དགདོད་བྱ་མི་དགོས།། ཡེ་ནས་གསལ་བས་ལྟ་བས་བལྟ་མི་དགོས།། ཆགས་སྔར
321a2 ཡེ་གྲོལ་སངས་རྒྱས་བཤད་མི་དགོས།། དགོས་མེད་ཀ་དག་ཆེན་པོ་རང་ལས་གྲུབ།། རྩོལ་བསྒྲུབ་བསམ་པས་མི་འགྲུབ་རྟོགས་པས་འགྲུབ།། ཅེས་གསུངས་སོ།། བྱ་བཙལ་མ་བྱས་པར་དངོས་མེད་ཀ་དག་ཐོབ་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག
321a3 པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཀུན་བཟང་ལ།། གང་ཞུས་ལན་རྣམས་དེ་ལྟར་རྟོགས་ལགས་ན།། དཀྱིལ་འཁོར་ལྷ་དབང་ཕྲིན་ལས་དམ་ཚིག་དང་།། དངོས་གྲུབ་འབྲས་བུ་སྨོན་ལམཇི་ལྟར་ལགས།
321a4 ཞེས་ཞུས་པ་དང་། ཀ་དག་སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་དངོས་མེད་མཚོན་ལས་འདས།། ཡན་ལག་ཡེ་ཤེས་གསལ་ཕྱིར་འཁོར་ལ་བཤད།། སེམས་ཉིད་ཁྱབ་གང་ལ་དཀྱིལ་འཁོར་ཆེན་པོ་ན།། འཁོར་འདས་ཀུན་འབྱུང
321a5 མཁའ་ཀློང་ཡངས་པའི་གནས།། མ་བཅོས་གདོད་དག་ཀུན་གཞིའི་དཀྱིལ་འཁོར་ན།། མ་བསྐྱེད་གདོད་གནས་ཆོས་སྐུ་རྣལ་མ་བཞུགས།། དབྱེར་མེད་གཏི་མུག་རྣམ་པར་སྣང་མཛད་དང་།། གསལ་ལ་དག་བཞི་སྡང་རྡོ་རྗེ་དང་།། ང་རྒྱལ་མཉམ
321a6 ཉིད་ཡེ་ཤེས་རིན་ཆེན་དང་།། འདོད་ཆགས་ཞེན་པ་ཆོད་པ་པདྨ་དང་།། ཕྲག་དོག་རང་སར་གྲོལ་བ་དོན་གྲུབ་ལྔ།། དུག་ལྡེ་མ་སྦྱངས་ཀ་དག་བསྐྱེད་རྫོགས་ལྷ།། སྤྱན་འདྲེན་ཕྱག་འཚལ་བསྙེན་བསྒྲུབ་ཚོགས་གཏོར་མེད།། དངོས་མེད་ཀ་དང་།
321a7 རང་ལ་ཡེ་གནས་པས།། རང་དབང་རང་ཐོབ་དབང་གི་རྒྱལ་པོ་ཡིན།། སྟོང་ཞིང་གསལ་ལ་དངོས་མེད་དངས་སང་ངོ་།། བྱ་བྲལ་བློ་ལས་འདས་པའི་དབང་ཐོབ་པས།། མ་བསྐུར་རང་ཆས་ཀ་ནས་དག་པ་ཐོབ།། བསྲུར་བྱ་སྐུར་བྱེད་རྫས
iiif viewer powered by OpenSeadragon
320b - 321b