| | e-texts navigator
|
320b1 བས་འཁོར་ལ་བཀའ་སྩལ་པ།། ཡང་བ་དབང་བཟོད་ནལ་གྱིས།། ཐིག་ལ་བཅུད་སྤངས་གནད་གན།། ལོགས་ནས་འབྱུང་བའི་བལྟར་སྒོམ་པནི།། དགས་པ་ཡོད་པར་མ་གསུང་སས།། དོན་ཀྱང་རབ་དོག་ཏོཅན་པ།། ལྷ་སྒོམ་ཛོད་འབྲས་བཞིརུ
320b2 བསྐུར།། ཀ་རག་ལྟ་བ་བས་མ་འདས་སྒོམ་པ་དང་།། རང་སངས་སྤྱོད་པ་གདོད་ནས་འབྲས་བུར་གྲུབ།། ཚིག་བྲལ་བློ་ལས་འདས་པས་ཞེ་འདོད་མེད།། ཀ་དག་ཕྱོགས་བྲལ་ལྟ་བའི་རྒྱལ་པོ་ཡིན།། སེང་གེ་རྩལ་རྫོགས་བྱ་རྡུལ་ཁུང་དང་འདྲ།། དངོས་མེད
320b3 སྟོར་བསམ་པ་བྲག་འཛིན་མེད་པོ།། གང་ལའང་མི་སེམས་མི་འགྲུ་བསྒོམ་པའི་རྒྱལ།། དཔེར་ན་ཉི་ཟླ་རྒྱ་མཚོ་ཤེལ་གོང་བཞིན།། རང་དངས་རང་སངས་དངསར་གྲོལ་བ་ཡིས།། སྣ་ཚོགས་གང་པའང་ཆགས་མེད་བྱེ་བ་ཐོང་།། སྣང་སྲིད་དགྲ་གཉེན་དཀར་དམར་ཡུ་བ་རྣམས་ལ།
320b4 གས་སྡང་མེད་པར་སྤྱོད་པའི་རྒྱལ་པོ་ཡིན།། གླང་ཆེན་སྨོན་པ་བུ་ཆུང་དཔེ་བཞིན་ནོ།། འཕོ་དང་འགྱུར་བ་མེད་པའི་ཀློང་ཡངས་ནས།། སྙིང་པོ་ཀ་དག་སྐྱེ་མེད་ཆོས་སུ་རྟོགས།། དངོས་མེད་ཀ་དག་བསམ་འདས་དགོངས་པ་འགྲུབ།། ཡེ་ཤེས་ཀློང་གྱུར་འབྲས་བུའི་རྒྱལ་པོ་ཡིན།
320b5 དཔེར་ན་རིན་ཆེན་རི་བོ་གསེར་བཞིན་ནོ།། ཞེས་གསུངས་སོ།། ལྟ་སྒོམ་སྤྱོད་འབྲས་བསྟན་པའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཆོས་སུལ།། བྱ་བཙལ་རྩོལ་བསྒྲུབ་མི་དགོས་པར།
320b6 དངོས་མེད་ཀ་དག་ཇི་ལྟར་འཐོབ།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། སྙིང་པོའི་རང་བཞིན་བཙལ་བྱ་རྩོལ་བསྡུབ་མེད།། གཞི་ཡི་རང་བཞིན་འཕོ་འགྱུར་སྐྱེ་འགག་མེད།། ཐིག་ལེའི་རང་བཞིན་རྒྱུ་རྐྱེན་རྩོལ་བསྒྲུབ་མེད།། ཆོས་ཉིད་རང་བཞིན
320b7 སྨིབ་གཔོགས་དྲིམ་མེད།། རྩལ་གྱི་རངདེ་བཞིན་དགག་མེད་འཛིན་རྟོག་མད།། དངོས་མེད་ཀ་དག་མཚོན་དུ་མེད་ན་ཡང་།། ར་བྱུང་ཡེ་ཤེས་ཀ་དག་མཐོང་རྡུལ་བཤད།། ངང་དངས་གསལ་དག་ཐུགས་ལ་ཙཏཱཾ།། དགུ་རྩ་སྠི་ཉིར་རྩོལ་བགྱུར་མིང་།
iiif viewer powered by OpenSeadragon
320a - 321a