| | e-texts navigator
|
319a1 ན། མེད་པར་སྦྱངས། བཅུད་ནི་ཆོས་སྲུ་འབྱུར་མེད་བརྒྱང་།། སྤངས་ནི་རྩཝ་རྒྱན་འཕོ་འགྱུར་མེད།། བཅུད་ན་ཆས་ཉིད་སྟེང་བའོ།། སྤངས་ན་རྩོལ་བསྒྲུབ་མེད་པར་སྤུངས།། ཐིག་པ་ས་ཤས་བཅུད་སྤུངས་པས། མི་འགྱུར་ལོ་ཤས་རྒྱ་ལྕེས་ཐུབས།། བརྡང་ནི།
319a2 བླ་མའི་སྙན་བརྒྱད་བརྡའ།། ངག་ནི་སློབ་མའི་ངག་ལ་བརྒྱུད།། ཐིག་ལེ་ཡེ་ཤེས་གཉིས་མེད་གནད།། སྙིང་པོ་ཡན་ལག་གཉིས་མེད་གནད།། གསལ་སྟོང་ངོ་འཕྲོད་དབྱེར་མཽད་རྟོགས།། ཞེས་གསུངས་སོ།། བཅུད་སྤངས་མན་ངག་བསྟན་པའི་ལེའུ་སྟེ་བཞི་པའོ།།
319a3 དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་རྣལ་མ་ཀུན་བཟང་ལ།། སྒྲོན་མ་འབར་བའི་དཔེས་མཚོན་གང་།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་མེད་ཀ་དག་རང་བཞིན་དཔེ་མེད་ཀྱང་།། དངོས་མེད་བསྟན་ཕྱིར་དཔེ་ཡིས་མཚོན།། དཔེར་ན་མུན་དྲས
319a4 རྫས་སྟོར་བ།། ལག་ནོམ་གྱིས་བཙལ་མོ་རྙེད་དོ།། སྒྲོན་མའི་འོད་གསལ་མུན་རང་སངས།། རིན་ཆེན་རྫས་སྟོང་མེད་གེ་རྙེང་།། དེ་བཞིན་སམས་ཉིད་ནོར་བུ་ཡང་།། ཐོག་མ་མེད་ནས་བསགས་པ་ཡིས།། སྒྲིབ་གཡོགས་བག་ཆགས་མ་རིག་རྣམས།། ཡེ་ཤེས་འོད་འངར་སྨོན
319a5 མེས་སངས།། ཟང་ཀ་དང་དངས་ཀ་དག་མཐོང་།། མཐོང་བའི་དངོས་མེད་དངས་སད་དེ།། གཉིས་མད་གཅིག་གི་བློ་ལས་འདས།། དངོས་མེད་མཚོན་མེད་རྣ་ལ་མད།། གང་ཡང་མི་སེམས་དགོངས་པ་རྟོགས།། ཀ་དག་ཟང་མའི་ཆོས་སུ་རྙེད།། ངོ་འཕྲང་ཐེ་ཆོམ་སོམ་ཉི་མེད།། ཐོག་མན
319a6 མ་རིག་སངས།། འཁོར་བའི་འདམ་གྱི་རྫབ་ནང་ནས།། བས་མ་གྲུབ་དང་དངས་རིན་ཆེན་རྙེད།། མ་ངན་འདས་པའི་ཞིང་ཁམས་ན།། རྟོགས་པའི་ཡེ་ཤེས་མོངས་སྤྱོད་དོ།། ཐོག་མ་མེད་ནས་ཐ་མ་རུ།། རང་བཞིན་ཀུན་དུ་གནས་པའི་ཕྱིར།། ཡེ་ཤེས་རྒྱན་ཆད་མེད་པའི་རྒྱུ།། ཞེས་གསུངས་སོ།།
319a7 སྒྲོན་མ་འབར་བའི་དཔེ་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དགེ་ཆོས་སྤྲུལ།། བྱད་མེད་པོ་འདས་ཐེག་པ་གང་།། ཞེས་གུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ད་མུ་རྒྱ་སྤྱི་ཡིས་སྤྱི་ཏི་བཤད།། གསལ
iiif viewer powered by OpenSeadragon
318b - 319b