e-texts navigator
Collection
Volume
Page
Wylie

318b1 གསེར་འཚོ་ལ་ལྟ་བུ་བཤད་པར་བྱ།། སྙིང་པོའི་རང་བཞིན་མངོན་དུ་བསྟན་དུ་མེད།། དངོས་མེད་ཀུན་དངོས་ཅང་མེད་ཅིར་ཡང་སྣང་།། གཅིག་ལས་ཀུན་འབྱུང་སྣ་ཚོགས་གཅིག་འདུས་པ།། ཐ་སྙད་མཚོན་བྲལ་དཔེ་ཟླ་མེད་པའོ།། རྣམ་པ་ཀུན་ལྡན་གང་ཡང་གྲུབ་པ་མེད།།
318b2 ཐིག་ཆེན་པ་མིག་ལ་མི་འགྱུར་བ། ཆགས་བརྒྱད་དུ་པ་མིན་འདས་བྱིར་མེད་པ།། ཀུན་གྱི་ཐུགས་མེ་དགར་སྣང་རྒྱ་མཛད།། གདག་མ་མེད་རྗེལ་མ་།། མཚོན་བྱམ་འགགས་མངོན་གཞིས་དམིགས་སོ།། སྱཱད་ཙམ་གགས་སྣང་གཞི་མ་།
318b3 ཞེས་གསུངས་སོ།། སྙིང་པོ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཆོས་སུ་ལ།། ཡན་ལག་ཡེ་ཤེས་ཇི་ལྟར་འཆར།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་ཟས་ལེ
318b4 མིང་མེད་བློ་འདས་ཀྱང་།། ཡན་ལག་མ་འགགས་ཡེ་ཤེས་འདི་ལྟར་ཤར།། ཡཾ་ནི་ཡེ་ནས་གནས་པའི་རང་བཞིན་ལ།། རྩལ་ཟེར་ཡན་ལག་དང་དྲངས་རང་བརླག་ཤེས།། དེས་ན་ཡེ་ཤེས་ཞེས་པར་བཤད་པ་ཡིན།། ཨ་ཏི་ཡོ་གའི་སྟོང་གསལ་ཁྱབ་གདལ་དེར།།
318b5 རྩལ་གྱི་ཟེར་དེ་ཐིམ་པས་དབྱེར་མེད་ཤེས།། དེས་ན་དེ་ལ་ཡེ་ཤེས་ཞེས་པར་བཤད།། ཡེ་ནི་དངོས་མེད་ཀ་ནས་དག་པ་སྟེ།། ཤེས་རབ་གསུམ་གྱིས་ཤེས་པས་ཡེ་ཤེས་ཡིན།། ཡེ་ནི་རང་ལ་ཡེ་ནས་གནས་པ་ཡིན།། ཡེ་ནས་གནས་པར་ཤེས་པས་ཤེས་རབ་པོ།། ཡན
318b6 ལག་རྩལ་ཟེར་འགག་མེད་བླང་སར་ཐིམ།། དེས་ན་ཡན་ལག་ཡེ་ཤེས་རང་བཞིན་ནོ།། ཞེས་གསུངས་སོ།། སྒྲོན་མ་འབར་བའི་རྒྱུད་ལས། ཡེ་ཤེས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། ཀ་དག་དངོས་མེད
318b7 ཆོས་སྐུ་ལ།། བཅུད་སྤུངས་གདམས་ངག་གནད་གང་ཡིན།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། བཅུད་སྤངས་མན་ངག་གནད་བསྟན་པ།། ངང་དངས་རིན་ཆེན་ཡིད་ལ་ཆོངས།། བཅུད་ནི་སྙིང་པོ་དོན་གྱི་བཅུད།། སྤངས་ནི་སྐྱེ་འགག




iiif viewer powered by OpenSeadragon

318a - 319a

Texts on this page

Gdg002.19 - thig le ye shes bcud spungs sgron ma 'od 'bar ba'i rgyud