e-texts navigator
Collection
Volume
Page
Wylie

318a1 སྲུངས་སྒྲོན་མ་འོད་འབར་བའི་རྒྱུད། དངོས་མེད་ཀུན་གྱི་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་རྟོགས་ཤིང་བཤད་པའི་དུས་གཅིག་ན། དབྱིངས་རྣམ་པར་དག་པའི་གནས། སྣང་སྲིད་འཁོར་འདས་སྐྱེ་མེད་དུས་བྱ་བླང་།
318a2 འོད་གསལ་འགག་པ་མེད་པའི་མཁའ། རིན་ཆེན་གསལ་དག་འོད་གསལ་སྒྲིབ་པ་མེད་པའི་གནས། ཀུན་ཁྱབ་ཕྱོགས་མེད་ཀུན་གཞིའི་ཕོ་བྲང་ན།། ཡེ་གསལ་དངོས་མེད་ཀ་དག་ཆོས་སྐུ་བཞུགས།། རང་བྱུང་དང་དངས་འགག་མེད་འཁོར་གྱིས་བསྐུར།
318a3 བསྟན་པའི་རྒྱལ་པོ་བྱར་མེད་བློ་འདས་གསུངས།། དུས་ཀྱི་རྒྱལ་པོ་སྔ་ཕྱི་མེད་པའི་དུས།། སྡུད་པ་པོ་ནི་གསལ་དག་རིན་པོ་ཆེ།། དེ་ནས་གསལ་དག་རིན་ཆེན་དེས་ཞུས་པ།། ཨ་ཏི་བྷ་རང་གྲཱ་ཧ་རི། སྙིང་པོ་ཐིག་ལེའི་རང་བཞིན་ཇི་ལྟར་གནས།། ཡན་ལག་ཡེ་ཤེས
318a4 རང་བཞིན་ཇི་ལྟར་ཤར། བཅུད་སྲུངས་གདམས་ངག་གནད་ཀྱིས་ཇི་ལྟར་རྟོགས།། སྒྲོན་མ་འོད་འབར་དཔེ་ཡིས་ཇི་ལྟར་བསྟན།། བྱང་མེད་བློ་འདས་བསྟན་པ་ཇི་ལྟར་གསུངས།། རྟོགས་པའི་འཆང་ལུགས་ཇི་ལྟར་འཆར་བར་འགྱུར།། མ་བསྒྲུབས་པར་ནི་འབྲས་བུ་ཇི་ལྟར།
318a5 ཐོབ།། རིམ་པ་བརྒྱད་ཀྱིས་རྩོལ་བ་མི་འཚལ་ལམ།། ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་བཞི།། དབང་པོ་ཡང་རབ་རྣམས་ལ་དགོས་མི་དགོས།། བྱ་དང་བཙལ་དང་རྩོལ་སྒྲུབ་མ་བྱས་པར།། དངོས་མེད་ཀ་དག་ཇི་ལྟར་ཐོབ་པར་འགྱུར།། ཞེས་ཞུས་སོ།། སྒྲོན་མ
318a6 འབྲར་བའི་རྒྱུད་ལས། ཕུན་སུམ་ཚོགས་པ་དང་གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་དངོས་མེད་ཀ་དང་། ཆོས་སྤུ་ཡིས།། གསལ་དག་རིན་ཆེན་འཁོར་ལ་འདི་སྐད་གསུངས།། ཀྲར་ཐ་ཀེ་ཛྙཱན་ཐུང་ལ་ཨ་སི་ཐི་མ། བྷ་ཡ་ཧྲཱི་ཏི་ཨོཾ། སྙིང་པོ་ཐིག་ལེའི་རང
318a7 བཞིན་ངས་བཤད་ཀྱིས།། གསལ་དག་རིན་ཆེན་ཡིད་ལ་དེ་ལྟར་ཆོངས།། སྙིང་པོ་ཐིག་ལེའི་རང་བཞིན་དངོས་པོ་མེད།། དྲན་རྟོག་བློ་ལས་འདས་པས་མཚོན་དུ་མེད།། འོན་ཀྱང་མ་རྟོགས་པ་ཡི་སེམས་ཅན་ལ།། སྒྲོན་མ་འབར་བའི་དཔེ་ཡིས་མཚོན་ནས་ནི།། མུན་དུང




iiif viewer powered by OpenSeadragon

317b - 318b

Texts on this page

Gdg002.19 - thig le ye shes bcud spungs sgron ma 'od 'bar ba'i rgyud