| | e-texts navigator
|
315b1 སྙིང་པ་འདུས་པ་མ་བཅོས་པའོ།། སྤངས་ཞེས་པ་ནི་ཐིག་ལེའི་བཅུད་འདུས་ཤིང་སྤངས་པའོ།། བཅུད་ཐིགས་ཞེས་པ་ནི་གདམས་པའི་སྐུལ་པ་དང་ལྡན་པ་ལ་བབས་པའོ།། བདུན་གྱི་ཞེས་པ་ན་ཉན་མོངས་པ་དྲུག་རྫ
315b2 བདུད་ལ་མུ་ལྔ་ཡེ་ཤེས་ལྔའི་རྩིས་འདྲལ་ཞིང་འཇོམས་པའོ།། འཁོར་བ་ཞེས་པའི་སྡུག་བསྔལ་ཟད་པར་རྗེད་པ་དང་བཅས་པའོ།། ཐོག་མ་ཞེས་པ་ནི་འབྱུང་མ་བྱེས་ཀྱི་ཡང་མེད་པ་ཐོ་སྤྱད་ལས་འདས་པའོ།། ཟ་མ
315b3 ཞེས་པནི་སྦྲུལ་ལྡན་གཅིག་འཕོ་དྲུག་གྲིག་ཡངས་ཆོད་ནས་རང་རོ་ཤེས་ཤིང་སངས་རྒྱས་པའོ།། གེཅོད་བྲེས་པ་ནི་མན་ངག་གོ།། གུད་ཅེས་པ་ནི་ཚུན་མཆད་པའོ།། དགོངས་པ་ཞེས་པནི་ཆོས་ཉིད་ལའོ།། ངེས་པ་ཞེས་པ
315b4 ནི་མནོར་པའོ།། འབྲེལ་པ་ཞེས་པ་ནི་ཡེ་ཤེས་སོ།། ཞེས་གསུངས་སོ།། རིན་པོ་ཆེ་སྤྱི་གནད་བྱོན་སེལ་ཐིག་ལེ་ཀུན་གསལ་གྱི་རྒྱུང་ལས། གནད་འགྲོལ་བའི་ལེའུ་སྟེ་བཅུ་པའོ།། རིན་པོ་ཆེ་སྐྱི་གནང
315b5 སྐྱོན་སེལ་ཐིག་ལེ་ཀུན་འདུས་ཀྱི་རྒྱུད་ལེའུ་བཅུ་པ་རྫོགས་སོ།། ། ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། ལོ་ཙྪ་བ་སྐབ་དཔལ་བརྩེགས་ཀྱིས་བསྒྱུར་རས།། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གདམས་ཏེ་རིན
315b6 པོ་ཆེའི་གཏེར་དུ་སྦས་སོ།། གཽ་ཏེར་སྱ། སྲས་ཏྱ། གཏད་རྒྱ། གསུང་།། རྒྱ་གར་སྐད་དུ། ནི་དྷི་ཧྲྀད་ཡ་རཏྣ་ཀུནཎཱ། བོ་དསྐ་ད་དུ། གཏེར་སྙིང་རིན་པོ་ཆེ་ཐུངས་པའི་རྒྱུད། བཅོམ་ལྡན
315b7 འདུས་ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་རང་བཞིན་རྟོགས་ནས་བཤད་པའི་དུས་གཅིགན། རང་བཞིན་གྱིས་རྣམ་པར་དག་པའི་གནས། ཀུན་གཞིའི་ཕོ་ཟིང་། ཀུན་གཞི་སེམས
iiif viewer powered by OpenSeadragon
315a - 316a