e-texts navigator
Collection
Volume
Page
Wylie

315a1 རྟགས། ཞུས་གསངས་སོ།། ཐག་ལ་གདམས་དག་བསྣུན་པའི་ལྕེན་དང་པའོ།། ། དེ་ནས་ཅལ་དངས་རིན་ཆེན་གྱིས།། ཀ་དག་། དྷཱི་མད་སྟོན་པ་ལ།། ཎྱ་ཏིང་འབྲུང་དགྲགས་ད་ཀྲུགས་\ུ0f7f།།
315a2 པོ་བཅུ་སེམས་འོད་གསལ་གྱི།། དཀྱིལ་འཁོར་གནད་རྣམས་ཇི་ལྟར་དཀྲོལ།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། དགུ་རྗེ་ཞེས་པ་ནི་ཐེག་དགུའི་རྒྱལ་པོ།། ཤྩི་ཏི་ཞེས་པ་ནི་བརྒྱད་ཁྲི་བཞི་སྟོང་གི་དབྱིས
315a3 ཕྱིན་པར་སྟོན་པའོ།། ཀ་དག་ཅེས་པ་ནི་ཡེ་ནས་སྒྲིབ་གཡོགས་དང་། བག་ཆགས་ཀྱི་དྲི་མ་དང་། མ་རིག་པའི་མུན་པ་དང་། ཉོན་མོངས་པའི་དྲི་མ་ཀཱ་ནས་དག་པའོ།། དངོས་མེད་ཅེས་པ་ནི་སེམས་ཉིད་ལ་དངོས་པོ་གང
315a4 ཡང་མེད་པའོ།། བློ་འདས་ཞེས་པ་ནི་བློ་བྱེད་པ་པོ་ལས་འདས་པའོ།། ཟང་ཀ་ཞེས་པ་ནི་གཤིས་མ་བཅོས་པ་རྣལ་མར་གནས་པའོ།། སེམས་ཞེས་པ་ནི་མ་བྱས་མ་བཅོས་པར་སྣ་ཚོགས་སུ་འབྱུང་བའོ།། དཀྱིལ་ཞེས་པ་ནི་ཐིག
315a5 ལེ་གང་ཡིན་པའོ།། འཁོར་ཞེས་པ་ནི་རྩལ་མ་འགགས་པའོ།། འོད་ཅེས་པ་ནི་སྣང་བའོ།། གསལ་ཞེས་པ་ནི་མུན་པའི་སྒྲིབ་གཡོགས་གང་ཡང་མེད་པའོ།། གསང་བ་ནི་སྨད་མེད་པ་སྤྱོད་ཡུལ་དུ་མ་གྱུར་པའོ།། སྔགས
315a6 ཞེས་པ་ནི་ཡོན་ཏན་གྱི་འབྱུང་གནས་བརྗོད་པ་ལ་བྱའོ།། ངོ་བོ་ཉིད་ཅེས་པ་ནི་དངོས་པོ་མེད་པ་མི་དམིགས་པ་ཀུན་ཏུ་འབྱུང་བའི་གཞི་ལ་བྱའོ།། ཇི་བཞིན་ཞེས་པ་ནི་མ་བཅོས་མ་བསླད་པའོ།། དེ་བཞིན་ཞེས་བྱ་བ་ནི་མ་བྱས་མི
315a7 བརྟགས་པའོ།། དེ་ཁོ་ན་ཉིད་ཅེས་བྱ་བ་རིམ་ནོར་མི་འགྱུར་བ་ལ་བྱའོ།། སྙིང་པོ་ཞེས་པ་ནི་རྒྱ་ལ་དང་རང་བཞིན་ལ་བྱའོ།། ཡང་སྙིང་ཞེས་པ་ནི་བྱེད་པ་པོ་མེད་པ་བྱ་བས་བཙལ་དུ་མེད་པས་ཡང་རྙིང་ངོ་།། བཅུད་ཅེས་པ་ནི་ཉིད་ཁུའམ




iiif viewer powered by OpenSeadragon

314'b - 315b

Texts on this page

Gdg002.17 - rin po che spyi gnad skyon sel thig le kun gsal kyi rgyud