e-texts navigator
Collection
Volume
Page
Wylie

314b1 ཀ་ངག་ཐེག་གསལ་ན།། སྣ་ཚོགས་ཐིག་ལེ་མ་འདྲེས་གསལ།། ཐིག་ནི་མི་འགྱུར་ལེ་ནི་ཁྱབ།། ཀ་དག་ཐིག་ལེ་ཀུན་གསལ་ལོ།། ཞེས་གསུངས་སོ།། ཐིག་ལེ་ཀུན་གསལ་བསྟན་པའི་ལེའུ་ཉེ་དྲུག་པའོ།།
314b2 དེ་ནས་རང་། ངས་ཁྱེའུ་ཆུང་གིས།། རྩོལ་བྲལ་བློ་འདས་ཇི་ལྟར་གསུངས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། རྩལ་བྲག་བློ་འདས་ཉན་བཤད་སྨྲ་བརྗོད་མཚོན་དུ་མེད།། ཅེས་གསུངས་སོ།། བུད་མེད
314b3 སྤྲོའང་ཤད་པའི་སྐབས་སྟེ་ལེའུ་བདུན་པའོ།། ། དེ་ནས་དང་དངས་རིན་ཆེན་གྱིས།། ཐིག་ལེ་ཀུན་འདུས་གང་དུ་འདུས།། ཁྲེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀ་དག་དངོས
314b4 མེད་ཅིག་ཡི་ཡིས།། ཐིག་ཕྲན་མ་ལུས་ཀུན་འདུས་སོ།། ཐིག་ནི་སྐྱེ་བ་མེད་ལ་བྱ།། ལེ་ནི་འགག་པ་མེད་པ་ཡིན།། ཀུན་ནི་རྩལ་སྣང་ཐམས་ཅད་དེ།། འདུས་ནི་ཀ་དག་ཆེན་པོར་འཇུས།། དེ་ནི་ཐིག་ལེ་ཀུན་འཇས
314b5 ཡིན།། ཞེས་གསུངས་སོ།། ཐིག་ལེ་ཀུན་འདུས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་གསལ་དངས་རིན་ཆེན་གྱིས།། ཀུན་གསལ་གདམས་དག་ཇི་ལྟར་ལགས།། ཞེས་ཞུས་པ་དང་།།
314b6 སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀུ་དགེ་ཉིད་ལ་སླར་མེད་ཀྱང་།། བློ་དམན་རྟོགས་པར་བྱེ་ཕྱིར་བཤད།། དངོས་མེད་ཀ་དབུ་རང་བཞིན་ནི།། བརྟག་པར་དཀའ་ཞིང་བསྟན་པར་དཀའ།། བརྗོད་པའི་ཇི་སྐད་བྲལ།
314b7 ཁྱེར་རོ།། སེམས་ཉིད་ཀྱི་གཞི་རྩ་ཆུད་བཙལ་བའི་ཕྱིར། གང་གིས་རང་ལ་རང་བལྟས་པའི་དུས་ན། ནང་གི་སེམས་མ་མཐོང་། ཕྱིའི་སེམས་མ་མཐོང་། ཕུང་པོ་དང་། ཁམས་དང་། འདུ་བྱེད་ལ་སེམས




iiif viewer powered by OpenSeadragon

314a - 314'a

Texts on this page

Gdg002.17 - rin po che spyi gnad skyon sel thig le kun gsal kyi rgyud