e-texts navigator
Collection
Volume
Page
Wylie

314a1 པོ་བསྟན།། ཆོས་སྡེས་ཐེག་དབུའི་སྟེ་བསྒོམ་བསྟན།། ཆོས་རྣམས་ཐམས་ཅད་གསལ་བར་བཤད།། དབང་རྗེས་དབང་གི་བསྒྱུར་ཐབས་བསྟན།། མན་ངག་ལྔ་བིས་དོན་གྱིས་གསང་ཅཝོ་བདུན
314a2 སྒྲོན་མ་ལྔ་ཡིས་ལྷ་བསྒོམ་སྤྱོད་འབྲས་བསྟན།། དགོངས་ཉམས་ལྔ་ཡིས་དོན་གྱི་གསེར་དང་སྤད།། ཕྱི་ན་འད་ལ་འདི་བསྟན་བརྗོད་མི་རྫོགས།། བྱེ་མའི་པའམ་སྤ་ཤད་པོ་རྫོང་བཞིན།། དགུ་རྩེའི་ཕྱི་ནང་གསང
314a3 ཨུ་ཕག་ཐམ།། ཞེས་གསུངས་སོ།། ཆོས་སྡེ་མདོར་བསྟན་པའི་ལེའུ་སྡེ་བཞི་པའོ།། ། དེ་ནས་རྩལ་ཟེར་དད་དྲངས་ཀྱིས།། ཀ་དག་ཆོས་བུ་དྲི་མེད་ལ།། སྱེ་ཡི་གནད་དང་སྟོན་སེལ་གང་།།
314a4 ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཕྱི་ཡི་གནད་དང་གྱོན་བསལ་བ།། མན་ངག་རྣམས་ཀྱི་ནང་ནས་གསལ།། གཞིར་ཡུལ་རྩད་གཅོད་བཟློག་ཐབས་པ་བཟླའི་གནད།། གལ་འགེ་གྲཾས་གདམས
314a5 གསང་བའི་གནད་བསྟན་པ།། གཞི་པོ་བརྩད་ཆོད་བཟློག་ཐབས་ཉམས་སུ་ལོངས།། ཉམས་སུ་མི་ལེན་གཞི་ཐ་དད་ལ་དཔེ་ཟླ་མེད།། མེད་ལས་ཅིང་ཡང་བྱུང་ནས་རང་སར་ཐིམ།། ཐོལ་བྱུང་དང་དངས་རང་གདངས་ཡིད་རྩད་ཆད།
314a6 འཁྲུལ་པ་རྣམ་གསུམ་བཅད་པས་སྐུ་གསུམ་ཐོབ།། ཀ་དག་དངོས་མེད་སེམས་ཡིད་བློས་བཏགས་མེད།། འཁྲུལ་ལོག་རྩད་ཆོད་སྐྱེ་མེད་ཀ་དག་རྟོགས།། མེད་ལས་ཀུན་འབྱུང་ཅིར་ཡང་གྲུབ་པ་མེད།། ཅེས་གསུངས་སོ།།
314a7 སྐྱོན་སེལ་གྱི་ལེའུ་སྟེ་ལྔ་པའོ།། ། རྩལ་ཟེར་དང་དངས་ཀྱིས་ཞུས་པ།། ཀ་དག་དྲི་མེད་ཀུན་བཟང་ལ།། ཐིག་ལེ་ཀུན་གསལ་ཇི་ལྟར་གསལ།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།




iiif viewer powered by OpenSeadragon

313b - 314b

Texts on this page

Gdg002.17 - rin po che spyi gnad skyon sel thig le kun gsal kyi rgyud