| | e-texts navigator
|
314'a1 མ་མཐོང་ང་།། དེས་སེམས་མ་མཐོང་བ་དང་།། སེམས་དེ་གང་ནས་བྱུང་བལྟས་པས། རྡོའི་ཚེ་སེམས་དེད་གང་ནས་ཀྱང་མ་བྱུང་། གང་དུ་ཡང་མསོང་། གང་དུ་ཡང་མི་གནས་པས་ཀ་དག་དང་།
314'a2 པོ་མེད། སངས་རྒྱས་ཉག་གཅིག་གི་དགོངས་པ་དམ་པ། སྤར་མེད་པ་རྟོག་དཔྱོད་ཐམས་ཅད་དང་བྲལ་བ། འདི་ཞེས་མཚན་དུ་མེད་པ། བརྟག་པར་དཀའ་ཞིང་། བརྟན་པར་དཀའ་ལ། རྗོད་པའི་ཐ་སྙད་རྣམས་དང་བྲལ་བ
314'a3 དཔེ་དང་བྲལ་བ་ནམ་མཁའ་ལས་ཀྱང་བསྲུན་དུ་ཡོད་པ་མ་ཡིན་ནོ།། ཚད་མེད་པ། ཚད་དང་བྲལ་བ། ཚད་མའམ། གཏན་ཚིགས་སམ། དཔག་པས་མི་པོགས་པ་སྟེ། གང་ལའང་རེག་མ་ལས་པས། སེམས
314'a4 ལ་གནས་མེད་པ། རྟེན་མེད་པ། ཆད་པ་མ་ཡིན། རྟག་པ་མ་ཡིན། སྲུངས་པ་མ་ཡིན། རྒྱུ་ལས་མ་བྱུང་། གྱེན་གྱིས་མ་བསྐྱེད། དེ་ཡང་བདག་མ་ཡིན། གཞན་མ་ཡིན། དེ་ཉིད་མ་ཡིན། རིགས་མེད་པ། ཆུ་མེད་པ། མི་འདྲོ
314'a5 བ། མི་སྣང་བ། ངོ་བོ་མེད་པ། ཇི་ལྟ་བ་དེ་བཞིན་དུ་ཀ་དག་མ་མཐོང་ངོ་།། ཡང་དག་པ། མི་གཡོ་བ། དབེན་པ། ཅུང་ཟད་ཀྱང་མ་མཐོང་། རྣམ་པར་མི་མཐོང་། མི་རྟོག། རྣམ་པར་མི་རྟོག། མི་བསྐྱོད། མི་སེམས། མི་སྤྲོ། སེམས་ལ་གཟུགས་མེད
314'a6 བས་བྱང་ཆུབ་ལ་གཟུགས་མེད་དོ།། སེམས་ཀྱི་རང་བཞིན་བྱང་ཆུབ་ལ་བྱང་ཆུབ་ཀྱི་རང་བཞིན་ཆོས་ཐམས་ཅད་དོ།། ཆོས་ཐམས་ཅད་ཀྱི་རང་བཞིན་ཐིག་ལེ་ཀ་དང་། དེ་ཁོ་ན་ཉིད་དོ།། ཐིག་ལེ་ཀུན་གསལ་འགག་མེད་རྩལ་ཟེར་ཡན་ལག་སེམས
314'a7 ཀྱེ་སྦྲང་ཚུལ་ནི། འདི་ལྟར་མྱུར་བ། རབ་ཏུ་མྱུར་བ། མི་གནས་པ། རྒྱབ། སྤྲེའུ་ལྟ་བུ། རླུང་ལྟ་བུ། སྨིག་ཆུ་ལྟེ་བུ། ཆུའི་རྒྱུན་ལྟ་བུ། མར་མེ་སྐྱེ་བུ། ལུས་མེད་པ། རིང་དུ་འགྲོ་བ། གར་ཡང་མི་འགྲོ་བ། སླར་མི་ཆོ
iiif viewer powered by OpenSeadragon
314b - 314'b