e-texts navigator
Collection
Volume
Page
Wylie

313b1 སྐྱེ་ལ་ཆུད་སྡེའི་དགས་དོན་གང་།། ཞེས་ཞུས་པ་དང་། སྟན་པས་འཁ་ལ་བཀའ་སྩལ་པ།། སྟེང་བཀ་དག་དྷཱ་ལི་ལྦལ་ལས་འདུས།། ཅལ་ཟེར་དང་དངས་ཟང་ཐལ་གདོད་ནས་དག། མེ་འགྱུརས་གནོན་ཐུགས་རྗེ་ཤུགས་ལས
313b2 འཆར།། ཆེད་དུ་མི་མཛད་དང་ངམ་ཤུགས་ཀྱིས་འཆར།། དབང་པོའི་ཁྱད་པར་ཇི་བཞིན་དུ།། རྒྱལ་བའི་བཀའ་ཡང་དེ་བཞིན་སྒོག། དབང་པོ་རབ་འབྲིང་ཐ་མ་ལས།། ཐ་མ་སྡེ་གསུམ་འབྲིང་ལ་སྔགས།། རབ་ལ་བསྐྱེད
313b3 རྫོགས་པང་རབ་རྫོགས་ཆེན་གསུངས།། ཐོད་རྒལ་སྟི་ཏི་དགྲ་རྩེར་བསྟན།། བྱར་མེད་བློ་འདས་རྦྦད་སྡེ་ལ།། བྱ་བཙལ་བློ་ཆོས་མ་གསུངས་སོ།། སྙིང་པོ་རྩལ་ཟེར་འཕྲད་པས་དབྱེར་མེད་སྐྱེ།། ཡེ་ཤེས་ས་ཟིན་འཁྲུལ་ཆོད་ཀ་དང་། རྟོགས།།
313b4 དགོས་པའི་དོན་ནི་ཀ་དག་ཟང་ཀང་གནས།། ཞེས་གསུངས་སོ།། རྒྱུད་སྡེའི་དགོས་དོན་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་གསལ་དངས་རིན་ཆེན་གྱིས།། དགྲ་རྗེ་ཆུད་ཀྱི་རྣམ་གྲངས་དུ།། ཞེས་ཞུས་པས།
313b5 སྟོན་པས་འཁོར་ལ་བཀའ་སྩལ་པ།། སྤོས་གཅོད་རྩ་བའི་ཆུད་ཀྱིས་ནི།། སྡེ་ཝའི་རྫབ་བསྟན་པ་ཡིན།། རིན་ཆེན་བརྒྱད་ཀྱི་ཡང་སྙིང་གིས།། ཐོག་མཐའི་དྲས་ཐག་གཅོད་པར་བསྟན།། རིན་ཆེན་བདུད་རྩི་བཅུད་ཐིགས་ཀྱིས།། རིགས་དྲུག
313b6 གོ་ཡངས་གཅོད་པར་བསྟན།། སྐང་གསལ་སྭ་གྲིའི་རྒྱུད་ཆེན་གྱིས།། འཁྲུལ་གཞིའི་འཁྲུལ་སྡང་ཀྱ་དག་རྩོད་བསྟན།། སླད་སྲིད་ལ་སྦྱོར་བརྒྱད་ཟིགས་ཀྱིས།། སྣང་སྲིད་འཁོར་འདས་བཏགས་ཆགས་རྣམས།། ཐམས་ཅད་ཀྱི་ཏིར་འདུས
313b7 པར་བསྟན།། ཕྱི་ནང་གསང་བའི་རྒྱུད་སྡེ་རྣམས།། རྒྱ་ཡིས་ཐོབ་ཀྱིས་ཨུ་ཡ་ཐམ།། སྡེ་ལྔས་རྩ་ཆུད་དོན་འགྲོལ་བསྟན།། རྒྱུད་སྡེས་རྒྱུད་ཀྱི་ཁ་བྱང་བསྟན།། སེམས་སྡེས་སེམས་ཀྱི་རྣམ་གྲངས་བསྟན།། ཀློང་སྡེས་སེམས་ཀྱི་ངོ




iiif viewer powered by OpenSeadragon

313a - 314a

Texts on this page

Gdg002.17 - rin po che spyi gnad skyon sel thig le kun gsal kyi rgyud