| | e-texts navigator
|
313a1 ཟན་བྱལ་རྔུབ་ཆེན་པོ་ས་པ་དཔལ་བརྩེགས་ཅེས་བསྐུར་ཅིང་གཏན་ལ་ཕབ་པ། ཆུག་པ་འཇལ་བའི་མིན་མས་ན།། ས་ཟེར་ཉན་ལམ་གནོད།། མན་དག་གདེང་དུ་མ་བྱུང་བས
313a2 ཚིག་དང་དོན་བྱེད་སྤང་གི་བཞོམ་པ་མཁན།། མན་ངག་ཟོད་དུ་ཚོང་བའི་བོད་པན་ལ།། སྤེལ་བའི་གནས་མེད་ས་ཡི་གཏེར་དུ་སྤོས།། སྐལ་ལྡན་གཅིག་དང་འཕྲད་པར་ཤོག། པཀའ་རྒྱ། གཏེར་རྩ། ཟབ་རྒྱ།
313a3 རྒྱ་གར་སྐད་དུ། རཏྣ་ནིཿསཱ་མཱ་ནཱ་དོ་ཥ་ནི་ར་ས་ན་བྷི་ནུ་ས་སརྦ་པྲ་ཀ་ཊ་ཏནྡ། བོད་སྐད་དུ། རིན་པོ་ཆེ་སྤྱི་གནང་སྐྱོན་སེལ་ཐིག་ལེ་ཀུན་གསལ་གྱི་རྒྱུད། བཅོམ་ལྡན་འང་ཡ་དཔལ་ཀུན་བཟང་ཀ་དག་གི་སུ་ལ་ཧྱ
313a4 འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ནི། མཁའ་དབྱིངས་ཀུན་ཏུ་བཟང་གི་ཕོ་ཟང་ནི།། ཆོས་ཉིད་དཀྱིལ་འཁོར་རྣམ་དག་འོད་གསོལ་ན།། ཀ་དགགེ་ཟང་ཀ་ཆོས་སུ་དྲི་མེད་བཞུགས།། ཡན་ལ
313a5 རྩལ་ཟེར་དང་དངས་འཁོར་གྱིས་བསྐོར།། དུས་གསུམ་གཅིག་སྟེས་ཀྱི་ཁྱད་པར་མེད།། ཅེས་རིན་པོ་ཆེ་སྟི་གནད་སྟོན་སེལ་གྱི་རྒྱུད་ལས། ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་བའོ།། ། དེ་ནས་གསལ
313a6 དྲངས་རིན་ཆེན་གྱིས།། ཆོས་སུ་ཀ་དག་དྲི་མེད་ལ།། སྐྱེ་ཡི་རྒྱུད་སྡེའི་དགས་ན་གང་།། དགུ་ཅེ་རྒྱུད་རྒྱལ་རྣམ་གྲངས་དུ།། གདམས་པའི་མན་ངག་གང་རྣམས་གཏད།། སྤྱི་གནད་སྐྱོན་སེལ་ཇི་ལྟར་བསལ།། ཐིག་ལ་གནགས
313a7 ཇི་ལྟར་གསལ།། རྩོལ་བྲལ་བློ་འདས་ཇི་ལྟར་གསུངས།། ཐིག་འི་ཀུན་འདུས་གང་དུ་འདུས།། ཞེས་ཞུས་སོ།། འཁོར་གྱི་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་གསཔ་དངས་རིན་ཆེན་།
iiif viewer powered by OpenSeadragon
312b - 313b