e-texts navigator
Collection
Volume
Page
Wylie

281b1 ཆེ་བདུད་རྩི་བརྒྱད་བྲེགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། ཐེག་པའི་སྲབ་མཐའ་བཟུང་བ་སོ་གོལ་བར་བསྐྲུན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཀུན་རིག་ཁྱེར་གྱུ་གིས།། གསང་བདག་སྟོན་པ་ལ་ཞུས་པ།། སྡོམ་བཏགས་ཐེག་པ། དགལ
281b2 ན།། བཅུ་རྩེའི་འཁྲུལ་པ་ཇི་ལྟར་བཅད།། ཅེས་ཞུས་པ་དང་། གསང་བདག་སྟོན་པས་བཀའ་སྩལ་པ།། ང་ཡི་སེམས་ཉིད་སྤྱི་ཏེ་འདིར།། གཅད་བྱ་གཅོད་བྱེད་མཐའ་སྟོངས་ཀྱང་།། དེ་ལྟར་མརྟོགས་བློ་ཅན་ལ།། རང་རིག་ཉིད་ཀྱི་རང་པོ་དེ།། སྐྱེ་མེད་ཀ་དག་མཐོང་སྟོངས་སུ།།
281b3 མ་ཤེས་ཤེས་པར་བྱ་བའོ།། མགོ་གོ་བར་བྱ་བ་ཙམ།། མ་རྟོགས་རྟོགས་པར་བྱ་བ་ཙམ།། མ་གྲོལ་གྲོལ་བར་བྱ་བ་ཙམ།། མ་མཐོང་མཐོང་བར་མཚོན་ཙམ་ལས།། བཙལ་བྱ་བ་སྒྲུབ་བྱ་ཐོབ་བྱའི་ཆོས།། རྡུལ་ཆ་ཙམ་ཡང་གུད་ན་མེད།། རྟོགས་བྱེད་ཐབས་སུངས་མཚོན
281b4 གྱིས།། རང་དངས་རང་རིག་དང་དུ་ལྟོས།། འཁྲུལ་པའི་གཞི་མ་ངར་འཛིན་འདི།། ཀ་དག་སྐྱེ་མེད་ཟང་ཀ་ཡིན།། ཡེ་ཤེས་ཆེན་པོ་རང་བྱུང་བས།། བསམ་བརྗོད་ཀུན་བྲལ་ཐོགས་རྡུགས་མེད།། རིན་ཆེན་གསེར་གྱི་ཐོག་མརྡོ་རྗེ་འདྲ།། འཁྲུལ་རྐྱེན་ཡུལ་གྱི་སྣང་བ་འདི།
281b5 ཡུལ་མེད་ཆོས་སུ་དང་དངས་པས།། སངས་རྒྱས་དགོངས་པ་རྒྱན་ཆད་མེད།། ཆུ་བོ་ཆེན་པོའི་རྒྱུན་དང་འདྲ།། ལོག་པར་རྟོག་པའི་དྲི་མ་འདི།། གནས་ལུགས་ཀློང་དུ་དང་དག་པས།། ཀ་དག་ཡེ་ཤེས་ཟད་ཀའི་དང་།། རིན་ཆེན་མན་ཤེ་ལ་དངས་པ་འདྲ།། རྣམ་ཏོག་སྣང་སྲིད་འ
281b6 འདས་འདི།། སྐུ་ལྔའི་ཞིང་དུ་ར་ངདགྲུབ་པས།། བླང་དོར་དབྱིགས་ལ་སེལ་དང་བྲལ།། རིན་ཆེན་གསེར་གླིང་ཕྱིན་པ་འདྲ།། ཕྱི་ནང་གཉིས་སུ་ལྡང་བ་འདི།། སེམས་ཉིད་ཡེ་ཤེས་རང་དངས་པས།། སྡང་སྟོང་གསལ་འགྲིབ་ཟང་ཐལ་འདི།། འཕྲུལ་གྱི་མེ་ལོང་བརྩེགས་པ་འདྲ།
281b7 བཀལ་བར་བསགས་པའི་མུན་པ་འདིར།། ཤེས་རབ་སྒྲོན་མ་རང་ཤང་བས།། མངག་མུན་པ་མ་བསལ་སངས།། གསལ་བའི་སྨོན་མེ་བཏེགས་པ་འདྲ།། མཛེས་སྡང་བ་དཀར་དམང་འདི།། མབའགས་འི་ཡེ་ཤེས་རང་གསལ་བས།། ཉིན་མཚན་མེད་པར་གསལ་འགྲིབ་མེད




iiif viewer powered by OpenSeadragon

281a - 282a

Texts on this page

Gdg002.15 - rin po che bdud rtsi bcud thigs kyi rgyud