e-texts navigator
Collection
Volume
Page
Wylie

278b1 སློབ་མ་དེ་ལ་བསྟན།། བསྟན་པའི་སྙིང་པོ་འཛིན་པར་འགྱུར།། དེ་དང་མི་ལྡན་སློབ་མ་ནི།། ཁ་འཇམ་ཁོང་གྱོང་གཡོ་སྒྱུ་ཅན།། རང་བཟོ་བཀའ་རྐུན་ཐབས་ཀྱི་འདོད།། བདག་བསྟོད་མ་ཁས་སློང་ང་རྒྱལ་ཆེ།། ཐོས་ཆུང་བློ་དམན་པོག་ལྟ་ཅན།། དད་བརྩོན་ཤེས་མང་གཞན
278b2 ཕྲེང་།། སྙིང་བརྩེ་སྡོམ་པ་དམ་ཚིག་བླང་།། འཁྲུལ་པའི་ལས་བརྩོན་བསྒྲུབ་ལ་གཡེལ།། བླ་མར་གུས་བྲལ་ཐེ་ཚོམ་ཅན།། འཕྱར་སྲབ་ཁ་གསག་ཚིག་ལ་ཞེན།། གཞུང་ཐོག་བཀའ་སློད་སྲུར་པ་འབེབ་པ།། དུག་སྦྲུལ་ལྟ་བུའི་སྐལ་མེད་ལ།། སྲིད་པ་འཁྲུགས
278b3 ཀྱང་བསྟན་མི་བྱ།། དོན་འདིར་སྐྱོན་ཡོད་མ་ཡིན་ཏེ།། བློ་དམན་ལོག་རྟོག་སྒྲོ་སྦྱང་འདོགས།། ཡང་དག་དོན་ལ་མ་མོས་པས།། འཁྲུལ་སྣང་དམྱལ་བར་འཕེན་པས་གསང་།། ཞེས་གསུངས་སོ།། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོང
278b4 པ་འདུས་པའི་རྒྱུད་ལས། སྣོད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། གསང་བ་དག་། སྟོན་པ་ལ་ཞུས་པ།། ཕྱི་རབས་སྐལ་ལྡན་དགུ་རྩེ་འདིར་དད་ནས།། འཇུག་སྒྲོ་གཡོ་བ་མེད་པར་བསྟན་པ་ལ།། རིམ་དང
278b5 ཅད་ཇི་ལྟར་འཇུག་པར་བྱ།། ཞེས་ཞུས་པས། གསང་བདག་སྟོན་པས་འཁོར་ལ་བཀའ་སྩལ་པ།། ང་ཡི་སྐྱེ་མེད་ཀ་དག་ཕྱོགས་བྲལ་ལ།། དེ་ལས་མགཡོས་འཇུག་པའི་རྩོལ་བ་མེད།། གར་ཡང་མ་ཞུགས་འཇུག་པའི་མཆོག་ཡིན་པས།། དེ་ཉིད་མ་མཚོན་གཡོ་མེད་མི
278b6 རྟོགས་པས།། རྩོལ་མེད་འཇུག་པའི་གདམས་པ་བསྟན་གྱིས་ཉོན།། ཕྱི་རབས་འདིར་འཇུག་རིགས་གཉིས་ཏེ།། བློ་ལྡན་ཐེག་པར་སྦྱངས་མ་སྦྱངས།། ཐེག་པར་སྦྱངས་པ་རྣམ་གཉིས་ཏེ།། རྒྱུ་དང་འབྲས་བུའི་ཐེག་པའོ།། རྒྱུ་ཡི་ཐེག་པར་མྱངས་པ་ལ།། འབྲས་བུའི་ཐེག་པ
278b7 ཀུན་བསྟན་ལ།། དེ་ནས་ཅིག་ཆར་དོན་འདིར་འཇུག། རྒྱུ་འབྲས་གཉིས་ཀར་སྦྱངས་པ་ལ།། ཅིག་ཆང་ཆོས་འདས་ཀྱི་ཏེ་བསྟན།། བློ་ལྡན་གང་ཡང་མ་སྤངས་ན།། སྣོད་ངན་སྐྱོན་བཅོས་སྤྲོས་པ་བཅད།། དེ་ནས་ཁྲི་མེད་དོན་ལ་སྦྱར།། སྡོད་ངན་ཞམ་ལ་ལོག་ལྟ་དང་།




iiif viewer powered by OpenSeadragon

278a - 279a

Texts on this page

Gdg002.15 - rin po che bdud rtsi bcud thigs kyi rgyud