e-texts navigator
Collection
Volume
Page
Wylie

273a1 ཡུལ་དུ་ཁོར་བ་དང་།། མི་པོ་ཡུལ་དུའཁོར་བ་དང་།། མིན་ཡུལ་དྲ་འཁོར་བ་དང་།། ལྷ་ལ་ཡུལ་དུ་འབོར་པ་ནམས།། དེསོགས་ཁམས་གསུམ་འཁོར་བའི་སྡུག་བསྔལ་རྣམས།། ལས་དབང་རང་ས་མ་ཐོན་གསུམ་ཐོས་ལན།
273a2 ཆོས་སྤུའི་ཀློང་ལ་འཁོར་དང་མ་འཁོར་མེད།། འཁོར་བའི་སྡུག་བསྔལ་ཇི་སྙེད་ཀུན།། མྱ་ངན་འདས་པར་སྤྲོས་པ་ཆོད།། དམྱལ་བའི་ཡུལ་དུ་སྐྱེ་བ་དང་།། ཡི་དྭགས་ཡུལ་དུ་སྐྱེ་བ་དང་།། བྱོལ་སོང་ཡུལ་དུ་སྐྱེ་བ་དང་།། མི་ཡི་ཡུལ་དུ་སྐྱེ་བ་དང་།། ལྷ་མིན་ཡུལ་དུ
273a3 སྐྱེ་བ་དང་།། ལྷ་ཡི་ཡུལ་དུ་སྐྱེ་བ་དང་།། དེ་ལ་སོགས་པ་ལྕི་བའི་སྡུག་བསྔལ་ཇི་སྙེད་རྣམས།། སྐྱེ་མེད་ཆོས་སྐུའི་ཀློད་དུ་སྨོས་པ་ཚད།། ལུས་འདིར་ན་ཙའི་སྡུག་བསྔལ་ལ།། ཚ་བའི་ནད་དང་གྲང་བའི་ནད།། རླུང་གི་ནད་དང་མཁྲིས་པོ་ང་ནད།། ལུས་ཀྱི་ན་ཚ་ཇི
273a4 ཀུན།། འདུ་བ་རྣམ་བཞིའི་ནད་ཡིན་ཏེ།། དབུགས་མི་བདེ་དང་མཁལ་མན།། མགོ་ནད་མི་གནད་ཡན་ལགནད།། མཛོད་ད་ཤུ་བག་ཡན་པ་དང་། རིམས་ནི་ཉིན་གཅིག་པ་དང་ཉིན་གཉིས་པ།། དེ་དག་ལུས་ཀྱི་སྡུག་བསྔལ་ཏེ།། སྙིང་པོ་སྐྱེ་མེད་ཆོས་སུ་ལ།།
273a5 འདི་དང་སྡུག་བསྔལ་གཉིས་མེད་དེ།། འབྱུང་རྒྱན་གློ་བུར་ནད་ཡིན་ཏེ།། ན་མེད་ཚ་མེད་ཆོས་ཉིད་དབྱིངས་སུ་གྲོས་པཆོད།། སྲ་དག་རེ་གཉེར་འདུས་སོ་ཡང་དོན།། ལུས་ཀྱི་དཔའ་ཤོར་ཡན་ལག་འདར།། ཁ་སྟ་ཆུ་འཛག་གྲུས་གྱོང་བ།། ཁ་དབང་ཤོར་ཏ་ཏན་པ་སུ་ཡང
273a6 མད།། བུཾ་ཚ་ཀུན་ཡང་སྡུག་རྒན་ཤིང་ཕྱི་ཟེར།། དེ་ལ་སོགས་ཏེ་རྒས་པའི་སྡུག་བསྔལ་རྣམས།། ཐོས་མ་མེད་པའི་དུས་མཐའ་ནས།། ཐ་མར་ཐུག་གི་བ་རང་གསལ།། བྱང་ཆུབ་སེམས་པ་རྒ་ན་གཞོན་མེད་པ་ལ།། མ་རྟོགས་འཁྲུལ་པའི་སེམས་ལ་རྒས་གཞོན་བྱུང་།། ལ་མང་འོག་རུལ
273a7 ཡིན་མོད་ཀྱི།། ཆོས་ལྕེག་ན་གཞོན་མེད་པའི་ཀློད་དུ་སྤྲོས་པ་ཚད།། མེ་གྲོང་ཤི་དང་ཆུ་གྲིར་ཤི།། གཡང་ལ་ཤི་དང་མཚོན་གྲིར་ཤི།། དུས་མ་ཡིན་པར་འཆི་བ་བརྒྱད།། དེ་ལ་སོགས་པ་འཆི་བའི་སྡུག་བསྔལ་རྣམས།། ཆོས་ཆུའི་ངང་ལ་འཆི་འགྱུར་མི་བདོག་སྟེ།། འཆི་འགྱུར་མེད




iiif viewer powered by OpenSeadragon

272b - 273b

Texts on this page

Gdg002.14 - spros pa gcod pa sde lnga'i rgyud