e-texts navigator
Collection
Volume
Page
Wylie

269b1 མདམར་མར་པར་བཤད།། མང་པོ་མ་ཡིན་བསྟན་དུ་མེད།། འདུས་རྒྱུ་གཅིག་ལས་མེད་པ་ལ།། བཤད་པ་མང་བས་གྲོལ་བར་བཤད།། དཔེལ་དོན་ཉིད་མ་ཤོར་ལ།། དོན་ལ་དག་ཉིད་མ་ལུས་ཏེ།། སེམས་ཚས་གཉིས་སུ་དབྱར་མེད་བསྟན།། ཆོས་པ་སེམས་སུ་འདྲ
269b2 ན།། ཆོས་ཀྱི་རྣམ་གྲངས་ཇི་སྙེད་རྣམས།། ཉན་བཤད་བསམ་དང་ཤེས་སུ་མེད།། བསྟན་དུ་མེད་པར་སྤྲོས་པ་ཆོད།། རིན་ཆེན་བཅུད་ཀྱི་ཡང་སྙིང་སྤོས་གཅོད་རྩ་བའི་རྒྱུད་ལས།། ཆོས་སྡེའི་སྤྲོས་པ་གཅོད་པའི་ལེང་སྟེ་ལྔ་པའོ།། ། དེ་ནས་སེམས་ཉིད་ཀུན་བཟང་ལ།།
269b3 རྗེ་སེམས་དཔས་འདི་སྐད་གསོལ།། རྒྱུད་སྡེ་ཇི་སྙེད་ཡོད་པ་རྣམས།། དེ་ཡི་སྤྲོས་པ་ཇི་ལྟར་བཅད།། ཅེས་གསོལ་བ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། གཞི་རྒྱུད་ལམ་རྒྱུད་འབྲས་བུའི་རྒྱུད།། དེ་སོགས་རྒྱུད་སྡེ་ཇི་སྙེད་རྣམས།། སེམས་ཆུད་གཉིས་སུ་མེད་པར
269b4 འབྲེལ།། ཆུད་ཅེས་གཞན་དུ་མ་བཀོལ་ལ།། སེམས་མེས་གཞན་དུས་བཟུང་བར།། དབྱེ་བས་ལ་མེད་པར་དབྱེར་མེད་རྒྱུད།། ཕྱིས་གད་བ་མེད་པར་བསམ་མེད་རྒྱུད།། དགག་པགྲུབ་མེད་པར་བྱར་མེད་བྱུང།། རྒྱུད་ཀྱི་རྣམ་གྲངས་ཇི་སྦེད་རྣམས།། ཡིད་ལ་བྱར་མེད་སྦས་པ
269b5 རྗོང།། སེམས་ལ་བཞག་མེད་སྤྲོས་པ་ཆོད།། བློ་ཡི་མ་བཅས་སྨོས་པ་ཆོད།། རིན་ཆེན་བཟུད་ཀྱི་ཡང་སྙིང་རྩ་བའི་བུད་ལས། རྒྱུན་གྱི་སྤྲོས་པ་གརྗོད་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་སེམས་ཉི་སུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཁྲུས།། དབང
269b6 སྙེད་ཡོད་པ་རྣམས།། དེ་ཡིས་སྤྲོས་པ་ཇི་ལྟར་བཅད།། ཅེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། དབང་བཞི་དབང་ནི་བཅོ་བརྒྱད་དང་།། དབང་སྡེ་ཇི་སྙེད་ཡོད་པ་རྣམས།། ཀུན་གྱི་སྒྲི་བསྐུས་སེམས་ཉིད་དབང་།། དབང་སེམས་གཉིས་སུ་མེད་པར
269b7 བྲེལ།། གཉིས་མེད་གཅིག་ཏུ་འདྲེས་ཅན།། དབང་ནི་ཆོས་སུ་སྐྱེ་འཇིག་མེད།། བསྲུར་ནི་འཕོ་འགྱུར་མེད་པར་བསྐུར།། ཐོབ་ནི་འགྱུར་མེད་སྙིང་པོ་ཐོབ།། དབང་ནི་སྣང་སྲིད་སེམས་ལ་དབང་།། བཀུར་ནི་དབྱེ་བས་ལ་མེད་པར་བསྐུར།། ཐོབ་ནི་གྱིས་གདབ་མེད་པར་ཐོབ།། དབ




iiif viewer powered by OpenSeadragon

269a - 270a

Texts on this page

Gdg002.13 - rin po che bcud kyi yang snying thog tha dras thag gcod pa spros gcod rtsa ba'i rgyud