e-texts navigator
Collection
Volume
Page
Wylie

268b1 འོད་ཀྱི་གཟུགས།། ཤ་ཡི་གཟུགས་དང་གསུམ་དུ་བྱུང་།། རིག་གཟུགས་བརྟེན་པ་མེད་པ་ཡིས།། ཡིད་སེམས་ཕྱ་སངས་ཁྱེར་ནས་ནི།། ཕྱོགས་མཚམས་ཀུན་ཏུ་འགྱུ་བ་ཡིས།། མ་ཡིན་པ་ཡིན་ཆགས་ཞེན་སྐྱེས།། དེ་ཡིས་མངལ་གྱི་ཁ་སྒོར་ཆུང་།། ཕ་རྒྱས་ཞེ་སྡང
268b2 རུས་སུ་སྨིན།། མ་རྒྱུས་འདོད་ཆགས་ཁྲག་ཏུ་སྨིན།། དུག་གསུམ་རྒྱུ་ལས་ལུས་དག་ཡིད།། བརྒྱད་པའི་མ་འཁྲུལ་འབྲས་བུར་སྨིན།། མེད་པ་གློ་བུར་འཁྲུལ་པ་དང་།། དངོས་པོ་རྐྱེན་སྣང་གསུམ་དུ་འཁྲུལ།། ཕ་མར་སྣང་སྟེ་ཕ་མར་བཏགས།། ཕ་མར་བཟུ་ལ་ཕ་མེར་ཞེ་ན།
268b3 བུ་ཚ་སྣང་བས་བུ་ཚར་བཏགས།། བུ་ཚར་བཟུང་བས་བུ་ཚང་ཞེ་ན།། ཡུལ་དང་ནོར་སྣང་ཡུལ་ནོར་བཏགས།། ཡུལ་ནོར་བཟུང་བས་ཡུལ་ནོར་ཞེ་ན།། སྣང་བཏགས་བཟུང་ཞེ་ན་འཁྲུལ་པ་ལས།། སྣར་སྲིད་ཐམས་ཅད་དཔེས་འཁྲུལ།། མེད་པར་ཡོད་བཟུང་ཡིད་སེམས་ཀྱིས།།
268b4 ལམ་ཚུལ་དུ་སྡུག་བསྔལ་མྱོང་།། ཁམས་གསུམ་འགྲོ་དྲུག་དེ་ཡིས་འཁྲུལ།། སྐྱེ་རྒས་ན་འཆིའི་སྡུག་བསྔལ་དང་།། མེད་པ་བཙལ་གྱིས་མ་རྙེད་སྡུག། ཡོད་པ་ཤོར་གྱིས་དོགས་པའི་སྦུབ།། སྡང་བའི་དགྲ་དང་འཕྲད་ཀྱིས་དོགས།། བྱམས་པའི་གཉེན་དང་གྲལ་གྱི་ས་དོགས།། ལུས་ཀྱི
268b5 ཚའི་སྡུག་བསྔལ་དང་།། སེམས་ནི་ཞེ་འདོད་སྡུག་བསྔལ་དང་།། སྣང་བ་ཕྱོགས་རིས་སྡུག་བསྔལ་དང་།། དེ་སོགས་འབུམ་ཕྲག་མང་པོ་རྣམས།། སུས་ཀྱང་མཉེས་རང་ཤུགས་ཡིན།། དཔེར་ན་སྲིན་གྱི་ཁ་ཆུ་དང་།། སྲུར་པ་བལ་བུ་འབྲུམས་པ་འདྲ།། རབ་ལས་བྱུང་ནས་རང་ཉིད་འཁྲུལ།།
268b6 ཐོ་ཡོར་མི་མིན་མིར་བཟུང་དང་།། ཐག་པ་ཡུལ་མིན་སྦྲུལ་བཟུང་དང་།། སྨིག་རྒྱུ་ཆུ་མེ་ནི་ཆུང་བཟུང་གསུམ།། དཔེ་ཡིས་བསྟན་པ་དེ་བཞིན་དུ།། མེད་པར་ཡོད་བཟུང་ལ་བྲལ་བ་ཡིན།། མི་བདེན་བདེན་བཟང་འཁྲུལ་པ་ཡིན།། མི་རྟག་རྟག་བཟུང་འཁྲུལ་པ་ཡིན།། དེ་ལ་སོགས་པ་དཁྲུལ
268b7 སྣང་སྡུག་བསྔལ་རྣམས།། ལས་དབང་རང་རྐྱེན་ཡིན་མོད་ཀྱི།། གཞི་ལ་མེད་པར་སྤྲོས་པ་ཚད།། དཔེར་ན་ཧ་ལ་ནག་པོའི་དུག། མ་ཤེས་ཟོས་པས་འཆི་གྱུར་ཏེ།། དུག་ཏུ་ངོ་ཤེས་ཟ་མི་སྲིད།། ཐབས་དང་སྔགས་ལྡན་དྲུག་རོ་ཤེས།། དེ་ཟོས་མི་འཆི་སྨན་དུ་འགྱུར།། དེ་བཞིན་འཁྲུལ




iiif viewer powered by OpenSeadragon

268a - 269a

Texts on this page

Gdg002.13 - rin po che bcud kyi yang snying thog tha dras thag gcod pa spros gcod rtsa ba'i rgyud