| | e-texts navigator
|
268a1 རྩལ་གྱི་སྣང་བ་རྣམས།། མ་བཀལ་ཆོས་སྒྲའི་ཀློང་དུ་ཐིམ།། ཡན་ལག་སྙིང་པོ་དང་ཐམ་པས།། སྙིང་པོ་ཡན་ལག་འཕྲད་པ་ཡིས།། གཉིས་མེད་ཆོས་སུ་ཅན་པོར་འགྱུར།། མརིག་ལོ་ག་ནས་འགྱུ་སངས་པས།། རིག་མད་ཆོས་སྐྱ་རང་སངས།
268a2 རྒྱས།། མ་རིག་འཁྲུལ་སྒྲོསངས་པས་ཡེ་ཤེས་རྒྱས།། གཉིས་འཛིན་རྟེན་མེད་རང་སངས་རྒྱས།། འཛིན་མེད་གདེང་མེད་འགྱུར་མེད་རྒྱས།། བྱ་བའི་ཆ་སངས་བྱར་མེད་རྒྱས།། ཤུགས་ལས་ཐོག་མར་ཡེ་སངས་རྒྱས།། ཐོག་པའི་སངས་རྒྱས་ཞེས་བྱའོ།། ཞེས
268a3 གསུངས་སོ།། རིན་པོ་ཆེའི་བཅུད་ཀྱི་ཡང་སྙིང་རྩ་རྒྱུད་ལས། ཐོག་མ་གཞིའི་གནས་ལུགས་དང་། ཀུན་བཟང་ཡེ་སངས་རྒྱས་པར་བསྟན་པའི་ལེངའུ་སྟེ་གཉིས་པའོ།། ། དེ་ནས་སེམས་ཉིད་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། རང་བཞིན་གའི
268a4 རུ་མཉམ་པ་ན།། ཀུན་བཟང་བྱ་བཙལ་མེད་སངས་རྒྱས།། ཁམས་གསུམ་སེམས་ཅན་ཅི་ལྟར་འཁྲུལ།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཡེ་ནས་ཡོངས་ཁྱབ་ཀུན་གཞིར་བརྗོད།། སྙིང་པོའི་རང་བཞིན་གཡོ་མེད་ལ།། སྣང་ཚུལ་རྒྱ་ཆད་མེད་པ་ཡི།།
268a5 རྩལ་སྣང་ཟེར་རིག་མ་འགགས་པ།། འགྱུ་ལས་རླུང་གཡོས་རིག་ཡིད་འགྱུ།། ཟེར་ལས་འོད་ཀྱི་ཚུལ་དུ་ཤར།། ལྡོག་ཐབས་མ་ཤེས་མ་རིག་པ།། གནས་དོན་མ་ཤེས་དོན་མ་རིག། དྲི་ཕྱིར་མ་རིག་མུན་པར་གསུངས།། འགྱུ་བ་རླུང་གིས་རྒྱ་བྱས་ནས།། སྒྲིབ་གཡོགས
268a6 མུན་པས་བར་བཅད་དེ།། མ་རིག་འཁྲུལ་སྒོ་རྐྱེན་དུ་ཤར།། སུས་ཀྱང་བྱས་པ་མ་ཡིན་ཏེ།། ང་འངམ་ཤུགས་ལས་གཡོས་པ་ཡིས།། ཡིད་ཀྱི་འཁོར་ལོ་གསུམ་དུ་འཁྲུལ།། ངོ་བོ་རང་ས་མ་ཟིན་པར།། རིག་པའི་ངོ་བོ་སྐྱེས་པ་ཡིས།། ཀུན་ཏུ་ཚོལ་བའི་ཡིད་དུ་འཁྲུལ།། རང་བཞིན
268a7 རངས་མ་ཟིན་པས།། དེ་ལས་ཡིད་དུ་འགྱུས་པ་ཡིས།། གཏན་ལ་འབེབས་པའི་ཡིད་དུ་འཕྲུལ།། ཐུགས་རྗེས་རངས་མ་ཟིན་པར།། དེ་ལས་སེམས་སུ་བཏགས་པ་ཡིས།། ངེས་པར་འཇོག་པའི་ཡིད་དུ་འཁྲུལ།། འཁོར་ལོག་སུམ་དུ་ལ་ཁྲུལ་པ་ཡིས།། རེག་པའི་གཟུགས་དང་།
iiif viewer powered by OpenSeadragon
267b - 268b