| | e-texts navigator
|
267b1 པས་རྟོགས།། སྨོད་པར་འདོད་པ་ཞིག་གོ།། སྦྱང་བའི་ལམ་ལ་འདོད་པ་བྲལ།། རེག་པ་ཉིད་པ་བཅད་པ་ཡིས།། ཡིད་ལ་མི་བྷི་རང་བཞིན་གནས།། ཐམས་ཅད་འི་སྣང་རང་བཞིན་གྱིས།། རང་སྡང་ཆེན་པོར་སྨོས་པཅང་།། ཡིད་ལབྱུར་མེ་སྨོས་པ་ཅད།
267b2 ལ་བཞག་མེད་སྤོས་པ་ཆོད།། ཞེ་འདོད་ཀུན་བྲལ་སྤྲོས་པ་ཆོད།། ཅེས་གསུངས་སོ།། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་རྩ་བའི་རྒྱུད་ལས། གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།། ། དེ་ནས་ཡང་སེམས་ཉིད་སྟོན་པ་ཀུན་བཟང་ལ། རྡོ་རྗེ་སེམས
267b3 དཔས་འདི་སྐད་གསོལ།། སངས་རྒྱས་སེམས་ཅན་གཉིས་ཀྱི་གཞི།། ཐོག་མའི་གནས་ལུགས་ཅི་ལྟར་གནས།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུང་།། ཐོག་མཐའ་མེད་པའི་བར་དྲོན།། མ་ཕྱེད་མི་ཕྱེད་སྙིང་པོ་མཉམ་པ་ཉིད།། རང
267b4 བཞིན་ཡོངས་ལ་ཁྱབ་པའི་སྟོང་རན།། ཡེ་ནས་ཡོངས་སུ་བཀོད་པའི་གཞལ་ཡས་ཁང་།། མ་སྐྱེས་མི་གག། ཆོས་སུ་ལྡན་གྲུབ་དབྱིངས།། མ་མཚོན་མི་མཚོན་མཚོན་མེད་ཆོས་སྐུ་རེ།། སྒྲ་མེད་བརྗོད་མེད་མཚོན་པ་མེད།། བསྟན་མེད་སྐྱོན་མེད་ཉར་པ་མེད།། མིང་མེད
267b5 བཏགས་མེད་དངོས་པོ་མེད།། བསྒྲུབ་མེད་རྩོལ་མེད་ལྗོན་པ་མེད།། བླང་མེད་དོར་མེད་དགག་བསྒྲུབ་མེད།། སྣང་མེད་སྲིད་མེད་སྐྱེ་བ་མེད།། ཡུལ་མེད་སེམས་མེད་དབྱེ་བ་མེད།། བདག་མེད་གཞན་མེད་གཉིས་སུ་མེད།། དགྲ་མེད་གཉེན་མེད་ཕྱོགས་རིས་མེད།།
267b6 བདེ་མེད་སྡུག་མེད་གཉིས་ཀ་མེད།། རིག་མེད་འགྲུ་མེད་སེམས་པ་མེད།། དབུས་མེད་མཐའ་མེད་ཕྱོགས་མཚམས་མེད།། གསལ་དང་མི་གསལ་དབྱེ་རུ་མེད།། ཤེས་མེད་དང་གནས་རྟོག་པ་མེད།། འདི་ཞེས་བསྟན་པར་བྱ་བ་ནི།། ཀུན་དུ་བཟང་པོས་མཚན་བཅོ
267b7 མེད།། མཆོག་ཏུ་གསང་བའི་སྙིང་པོ་ནི།། རྣ་དབང་གཞན་ལས་ཟོས་མི་འགྱུར།། དེ་བཞིན་རྩེ་ཡི་དབང་པོས་ཀྱང་།། དེ་ལ་བརྗོད་དུ་རྡུལ་ཙམ་མེད།། ཚོགས་བདུན་ཡུལ་མིན་སྙིང་པོ་དེ།། ཡོངས་ལ་ཁྱབ་པའི་སྙིང་པོ་ཡིན།། ཆགས་མེད་ཅིར་ཡང་སྣང་བདེ།། མ་འག
iiif viewer powered by OpenSeadragon
267a - 268a