| | e-texts navigator
|
267a1 པ་རྣམ་དག་ཅིང་།། བླང་བྱ་དོར་རྒྱུ་མེད་པ་དང་།། བུད་མེད་གང་ལའང་ཆགས་ཞེན་མེད།། སྤྱོད་པ་ཡིན་གྱིས་སྤྲོས་པ་ཆོད།། ཡེ་ཤེས་དྲི་མ་མེད་པ་ལ།། རང་ལ་ཡོད་རྟོགས་འདུ་འབྲལ་མེད།། རེ་དོགས་བློ་དང་བྲལ་བ་ནི།། འབྲས་བུ་ཡིན་པ
267a2 སྤྲོས་པ་ཆོད།། ཡེ་ཤེས་གང་དུ་རྒྱ་མ་ཆད།། ཐམས་ཅད་འབྱུང་བའི་གཞིར་གྱུར་པས།། གཞི་མ་ཡིན་གྱིས་སྤྲོས་པ་ཚད།། ཐམས་ཅད་ཀུན་ཏུ་མ་བསྒྲིབས་པའི།། ཡེ་ཤེས་དང་དུ་སྣང་བ་དེ།། ཡེ་ཤེས་ཡིན་པས་སྤྲོས་པ་ཆོད།། རྟོག་པ་གཞན་གྱིས་གཡོག་ཏུ་མེད།། སྙིང
267a3 བ་ཡིན་གྱིས་སྤྲོས་བརྗོད།། རྟོགས་པ་གཞན་ལ་དག་མ་ལས།། བསྒོམ་མེད་ཡིན་གྱིས་ཟློས་པ་ཚད།། འང་པ་ན་འབྱུང་རིན་ཆེ།། ཡོན་ཏན་ཡིན་གྱིས་སྨོས་བཙོད།། འཁོར་བརྟདང་བཅད་མྱ་ན་འདས།། འཁོར་འདས་མེད་ཀྱིས་སྨོས་པཆོད།། དོན་ཅན་བཅུད་ཀྱི
267a4 ཡང་སྙིང་འདི།། རང་སྣང་ཉི་མ་ལྟ་བུར་གསལ།། སྒྲིབ་པ་མེད་ཀྱིས་སྤྲོས་པ་ཆོད།། གསལ་བྱེད་རིན་ཆེན་སྣང་བ་འདི།། མཐའ་ཡས་སེམས་ཅན་ཐམས་ཅད་ལ།། ཁྱབ་པར་གནས་ཀྱིས་སྤྲོས་པ་ཆོད།། རིན་ཆེན་སྣང་བ་རང་འབར་འདི།། འགྲོ་བའི་བླ་མ་འདས་གྱུར
267a5 ཀྱང་།། འགྲོ་བ་མོས་པ་ལ་གནས་ན།། གཏིང་གསལ་མི་གཡོ་རིན་པོ་ཆེ།། རྟོག་མེད་ཡིན་གྱིས་སྤྲོས་པ་ཚད།། རིན་ཆེན་བཅུད་ཀྱི་ཡང་སྙིང་འདི།། གཞི་ནི་མ་བཅོས་ལྷུན་གྱིས་གྲུབ།། བསམ་མེད་རང་བཞག་བསྒོམ་མེད་ལ།། བསམ་དུ་མེད་ཀྱིས་སྤྲོས་པ་ཆོད།།
267a6 བདེ་ཆེན་མི་རྟོག་འགྲུབ་བྲལ།། ཡིད་ལ་མི་བྱེད་སྡང་བ་དག། རྩིས་གདབ་མེད་ཀྱིས་སྨོས་པ་ཆོད།། ཡེ་ཤེས་རིན་ཆེན་མ་འགགས་གསལ།། རྩལ་སྣང་ཡིན་གྱིས་སྤྲོས་པ་ཆོད།། དབང་པོ་རབ་སྣང་རྒྱལ་བའི་སེམས།། འགྲོ་བ་ཀུན་ལ་རང་བཞིན་གནས།། མཐོང་བ
267a7 ལོག་པ་གཞན་ཡོད་ཀྱང་།། སངས་རྒྱས་ལོགས་ནས་མི་རྙེད་པས།། རང་སངས་རྒྱས་ཀྱིས་སྤྲོས་པ་ཚད།། ཆོས་ཉིད་སྐུ་ལ་འགྱུར་བ་མེད།། རང་རིག་བདེ་བ་ཆེན་པོའི་དང་།། རྡུལ་མི་གནས་སྨོས་པ་ཆོད།། ཀུན་གྱི་བརྗོད་བྱ་སེམས་ཀྱི་དབྱིངས།། རང་རང་མོས་པའི་ཤེས
iiif viewer powered by OpenSeadragon
266b - 267b