e-texts navigator
Collection
Volume
Page
Wylie

266b1 རིན་ཆེན་ས་བུའི་སྐལ་ལྡན་ལ།། རྒྱ་འབྲས་འདས་པའི་གསུང་ས་བྱ།། ཞེས་གསོལ་པ་དང་། དེ་ནས་སེམས་ཉིད་ཀུན་བཟང་གིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། གསུང་གསངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་རང་བཞིན་ལ་ཡིན་པ
266b2 འགགས་རྩལ་སྣང་ཡེ་ཤེས་ཤར།། སྐུ་ཡི་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་འོད་གསལ་ཁྱོད་ཡིན་པས།། ཆོས་རྣམས་བྱང་ཆུབ་སེམས་ལ་སྣང་།། ཐུགས་ཀྱི་སངས་རྒྱས་ཐམས་ཅད་ཀྱི།། མ་གཡོས་ཡེ་ཤེས་བདེ་ལྡན་པས།། ཡེ་ཤེས་རིན་ཆེན་ཡོ་དུ
266b3 ཤར།། དོན་གཅིག་ཡོན་ཏན་ཀུན་གྱི་བདག། རིན་ཆེན་འོད་འབར་ཐབས་ཀྱི་སྒོ།། ཡང་སྙིང་བཅུད་ཀྱི་དོན་ལྡན་པས།། རྩོལ་མེད་ཡེ་ཤེས་ངོ་སྤྲོད་ཀྱིས།། རིན་ཆེན་བཅུད་ཀྱི་ཡང་སྙིང་ལ།། ཐ་སྙད་བརྗོད་པའི་ཚིག་བྲལ་ཡང་།། མ་རྟོགས་པ་ལ་མཚོན་པའི་ཕྱིར།
266b4 གསུང་གི་བརྗོད་པ་གསལ་བ་ཡིས།། མུན་ཁུང་གསལ་སྔོན་ལྔ་པར་བཤད།། རང་བཞིན་རོ་བོ་ཐུགས་རྗེ་གསམ།། སྟོན་པ་སྲན་སུམ་ཚོགས་པར་བཤད།། འདས་དང་མ་བྱི་ནད་ལྷ་གསུམ།། དུས་ནི་ཕུན་སུམ་ཚོགས་པར་བཤད།། ཐམས་ཅད་སྤང་དང་ཁྱད་པར།།
266b5 འཕགས།། ཁང་བཟངས་སྐུལ་པ་བཞུགས་པ་གསུམ།། གནས་ནི་ཕུན་སུམ་ཚོགས་པར་བཤད།། རང་བཞིན་འབྲེལ་དང་དོན་གྱི་གཅིག། འདོད་པས་བསྡུས་པའི་འཁོར་རྣམས་ནི།། འཁོར་ནི་ཕུན་སུམ་ཚོགས་པར་བཤད།། གཅིག་དང་འབྲེལ་དང་གཏན་ལ
266b6 འབེབས།། མ་ཚང་མེད་དང་དགོས་པ་ཚང་།། རྒྱུད་ནི་ཕུན་སུམ་ཚོགས་པའོ།། རིན་ཆེན་བཅུད་ཀྱི་ཡང་སྙིང་འདི།། ཆོས་རྣམས་མ་ལུས་འདི་རུ་འདུས།། སྣ་ཚོགས་བསམ་ཡས་སེམས་ལ་འདུས།། སེམས་ཉིད་སྐབས་མ་བརྗོད་འདས་པས།། ཅི་ཡང་མ
266b7 ཡིན་བྱང་ཆུབ་སེམས།། རྩིས་གདབ་བློ་དང་བྲལ་བ་ནི།། བལྟ་བ་ཡིན་གྱིས་སྤྲོས་པ་ཆོད།། ཡེ་ཤེས་རྫུནལ་བར་མ་ཆད།། དོན་ས་གཞན་དུ་མ་བཀོལ་པ།། གཡོ་འགུལ་མེད་པའི་དགོངས་པ་ཡིན།། བསྒོམ་པ་ཡིན་གྱིས་སྤོས་པཆོད།། བྱ་བའི




iiif viewer powered by OpenSeadragon

266a - 267a

Texts on this page

Gdg002.13 - rin po che bcud kyi yang snying thog tha dras thag gcod pa spros gcod rtsa ba'i rgyud