| | e-texts navigator
|
266a1 རྒྱ་གར་སྐད་དུ། རདྷཱ་ར་ས་ཨ་ཏ་ཛད་ཡ་ཨཱད་ཨཱརྠ་ཛྲ་སྤྱོད་བྲབ་དུ་རྩོད་མཱུ་ལ་ཏནྟྲ། བོད་སྐད་དུ། རིན་པ་ཆ་བརྗོད་ཀྱི་ཡང་སྙིང་པོ་ག་ཟངས་ཐག་གཟོད་པ་སྒོས་གཙང་རྩ་བའི་དྷད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པ་ལ་ཕྱག་འ
266a2 ལོ།། འདི་སྐད་བདག་གིས་རྟོགས་ཤིང་བཤད་པའི་དུས་གཅིག་ན། རིན་པོ་ཆེའི་གནས་ཡེ་ཤེས་ཀྱི་སྟོང་། མ་བྲིས་པའི་དཀྱིལ་འཁོར། མཐའ་དབུས་མེད་པའི་གནས་ན། རིན་པོ་ཆེ་འོད་སྣ་ཚོགས་ཀུན་ཏུ་འབར་བའི་གཞལ་ཡས་ཁང་ན། སྟོན་པའི་རྒྱ
266a3 པོ་བསམ་མེད་བརྗོད་འདས་དང་།། སྟོན་པའི་རྒྱལ་པོ་མཚན་འདས་དམིགས་མེད་དང་།། སྟོན་པའི་རྒྱལ་པོ་སེམས་ཉིད་ཀུན་བཟང་གསུམ།། འབྱེད་པ་མེད་པའི་ཚུལ་གྱིས་བཞུགས་སོ།། འཁོར་གྱི་ཚོགས་ཀྱང་འདི་ལྟ་སྟེ།། རྩལ་སྣང་མཚན་ཉིད་ལྟ་བུའི་འཁོར
266a4 དང་། ཤུགས་འབྱུང་རིག་པ་བསམ་མི་ཁྱབ་ཀྱི་འཁོར་དང་། ཡིད་སེམས་རྟོ་ག་ཚོགས་བསམ་འདས་ཀྱི་འཁོར་དང་། ང་གསུམ་རང་བཞིན་གཞིའི་འཁོར་རོ།། གཞན་ཡང་འཁོར་ཚོགས་འདི་ལས། རང་བཞིན་གྱི་འཁོར་དང་། དོན་གྱི་ལ་བར་དང་།
266a5 པསྐུའི་འཁོར་རོ།། དྷྲཱུའི་བྱང་ཆུབ་སེམས་དཔའ་དང་། ལམ་གྱི་བྱང་ཆུབ་སེམས་དཔའ་དང་། འབྲས་བུའི་བྱང་ཆུབ་སེམས་དཔའ་ལྡན་རྣམ་མགས་ཏེ་ཐབས་ཅིག་ཏུ་བཞུགས་ས།། ང་ནམ་རྡོ་རྗེ་སེམས་དཔསསམས་ཉིད་ཀུ་བཟང་ལ་འདི་སྐད་ཅེས་གསལ
266a6 གསུང་གི་སངས་རྒྱས་ཐམས་ཅད་ཀྱིས།། རྒྱུ་ཡི་དོན་རྣམས་མཐར་ཕྱུང་ནས།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ།། འབྲས་བུའི་ཐེག་པ་མི་གསུང་བར།། ཐུགས་རྗེའི་མཁྱེན་པ་མི་མངའ་འམ།། ངོ་བའི་སངས་རྒྱས་ཐམས་ཅད་ཀྱིས།། ལམ་གྱི་དོན་རྣམ
266a7 མཐར་ཕྱུང་ནས།། བྱར་མེད་འབྲས་བུ་མི་གསུང་བ།། ཐུགས་རྗེའི་མཁྱེན་པ་ཡལ་ལམ་ཅི།། ཐུགས་ཀྱི་སངས་རྒྱས་ཐམས་ཅད་ཀྱིས།། འབྲས་བུའི་ཐེག་པ་མཐར་ཕྱུང་ནས།། རྒྱུ་འབྲས་འདས་པ་མི་གསུང་བ།། འགག་མེད་ཟུགས་རྗེ་མི་འཆར་རམ
iiif viewer powered by OpenSeadragon
265b - 266b