| | e-texts navigator
|
212a1 བླདགས་གསུམ།། དགསུམ་བསྒྲུབམས་ས་བྱ་། དཱུ་བྲལ་བང་ཛས་ཤིགདགས།། དྲང་འཕྱོགས་དས་ཁ་དག་གསུམ།། དགསུས་བསྒྲུབ་པས་དྲངས་མེཿ།། རྙེང་ཐལ་འདུན་ནག་དགས།། གཉིས་ཡང་བ་གསན་སྔགས་ན
212a2 གསུམ།། དེ་གསུམ་བསླབ་པས་སངས་མི་ཅུ།། དང་བྲལ་བའི་ཆོས་ཤིག་དགོས།། མིང་ཆོག་དབྱེ་བ་རྟག་ཆད་གསུམ།། བསམ་ལས་འདས་པ་མདོ་ཙམ་རྩེ།། བསླབ་པར་འདོད་པ་རྣམས་པ་དེ་ཡིས་སུན་བྱུར་ཅིག། ཆོས་གཅིག་བྱ་བའི་མཚན་ཉིད་ནི།། ལ་ཆེན་བན་པར་གདམས་དག
212a3 ཡིན།། དེ་ཡང་འདི་ལྟར་ཤེས་པར་བྱ།། ཆོས་གཅིག་བྱ་བའི་མིང་ཡང་མེད།། གཅིག་པོ་ཉིད་ཀྱང་གཅིག་ལས་འདས།། འདས་པའི་དོན་ལ་བརྗོད་དུ་མེད།། འདས་པའི་དོན་ལ་མཚོན་དུ་མེད།། འདས་པའི་དོན་ལ་བདེ་ཟ་མེད།། འདས་པའི་དོན་ལ་གཟུང་དུ་མེད།། འདས་པའི་དོན་པ་འདོད་དུ
212a4 མེད།། འདས་པའི་དོན་ལ་བྱ་རུ་མེད།། འདས་པའི་དོན་ལ་བཙལ་དུ་མེད།། འདས་པའི་དོན་ལ་དགག་ཏུ་མེད།། འདས་པའི་དོན་ལ་བསྒྲུབ་ཏུ་མེད།། འདས་པའི་དོན་ལ་བླང་བྱ་མེད།། འདས་པའི་དོན་ལ་དོར་བྱ་མེད།། འདས་པའི་དོན་ལ་སྤང་བྱ་མེད།། འདས་པའི་དོན་ལ་བསྒོམ་བུ་མེད།།
212a5 འདས་པའི་དོན་ལ་སྤྱང་དུ་མེད།། འདས་པའི་དོན་ལ་བསྲུང་དུ་མེད།། འདས་པའི་དོན་ལ་བྱ་བཙམ་མེད།། འདས་པའི་དོན་ལ་བགྲོད་དུ་མེད།། འདས་པའི་དོན་ལ་རྫོབ་ཏུ་མེད།། མེད་པ་ཉིད་ཀྱང་དེ་ལས་འདས།། དེ་ལ་ཡིད་ལ་བྱ་རྒྱུ་མེད།། དེ་ལ་སེམས་ཀྱིས་གཟུང་དུ་མེད།། དེའི་སྒོ་ཡིས
212a6 བཅོས་སུ་མེད།། དེ་ལ་འཕྲོས་དང་མ་འཕྲོས་མེད།། དེ་ལ་ཟིན་དང་མཟིན་མེད།། དེ་ལ་བྱུང་དང་མ་བྱར་མེད།། དེ་ལ་བཟའ་དང་ངན་པ་མེད།། དེ་ལ་དབྱེད་དཔསལ་དུ་མེད།། དེ་ལ་བསལ་དང་མ་བསལ་མེད།། མཆོག་ཏུ་གསང་བའི་ཆོས་ཉིད་ནི།། རྣ་དབང་གཞན་ལས་ཐོས་མི་འགྱུར།།
212a7 དེ་བཞིན་གྱི་ཡི་དབང་པོས་ཀྱང་།། དེ་ལ་བརྗོད་དུ་རྡུལ་ཙམ་མེད།། བརྗོད་པས་ཐོག་ཏུ་མི་རེབ་སྟེ།། བརྗོད་པ་ཐམས་ཅད་བླ་དགས་ཡིན།། བླ་དགས་ཆོག་གིས་སངས་མ་བྱ།། དེས་ན་བླ་དགས་ཚིག་ལས་འདས།། ཡེ་ནས་སྤབས་མ་བརྗོད་པས་འདས།། བརྗོད་འདང་རྟོག་པས་འགྱུར་བ
iiif viewer powered by OpenSeadragon
211b - 212b