e-texts navigator
Collection
Volume
Page
Wylie

211a1 མོངས།། ཡེ་ཤེས་མེད་པར་བསྒྲུབ་པར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། ཡུལ་སེམས་མེད་པར་སྤང་བར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། བཟུང་བ་མེད་པར་བསྲུབ་པར་འདོད།། འདི་ཡང་སེམས་ཅད་ཏོན
211a2 མོངས།། དེ་ལ་སོགས་པ་གཉིས་སྣང་ཐམས་ཅད་ཀུན།། སེམས་ཅན་བློ་ཡི་ཆོས་སུ་བསྟན་པ་མ་མེད་དམ།། བརྟགས་པ་སྣང་བ་ཡིན་པར་ཆ་མེད་དམ།། ཚིབ་ནི་བླ་དྭགས་ཡིན་པར་ཆ་མེད་དམ།། ཚིག་ནི་ཐ་སྙད་ཡིན་པར་ཆ་མེད་དམ།། བརྗོད་གཞི་ཐ་སྙད་ཡིན་པར
211a3 མེད་དམ།། བློ་དམན་ཆོས་སུ་བསྟན་པ་ཆ་མེད་དམ།། ཐམས་ཅད་བསླ་བྲིད་ཡིན་པར་ཆ་མེད་དམ། དེས་ན་གང་བརྟགས་སྣང་བ་ཞིན་དང་གསུམ་གྱི་ཆོས་ཀྱིས་ཆོས་མི་བཏུབ། སྣང་སྲིད་ཁ་བྱོར་བདུད་རྩི་བརྩེད་ཐོགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས།
211a4 གཉིས་དང་ཆོས་ཀྱིས་གྲོལ་བ་མེ་ཐོབ་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་སྟོན་པ་ཀུན་བཟདང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས། ཆོས་ཉིད་མཚོན་དུ་མེད་པའི་དོན།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། ཞེས་གསོལ་པ་དང་། སེམས
211a5 ཉིད་སྟོན་པ་ཀུན་བཟང་དེ། རིན་པོ་ཆེ་འོད་འབར་བ། དོན་མཆིན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་ལས་བཞེངས་ནས་ནི། འབྲས་པའི་འཁོར་ལ་འདི་སྐད་གསོལ།། ཨ་ཏཱ་པ་ཏ་རི་ཨཱ་ཐིམ།། ང་ཡིས་མཚོན་པ་ཀུན་བྲལ་བཤད།། རྡོ་རྗེ
211a6 སེམས་དཔས་གོ་བར་ཟུང་།། སྐྱེ་མེད་དངོས་མེད་མཚོན་འདས་དངོས་མེད་ཡིན།། དེ་ལ་མཚོན་པའི་ཆོས་ཀྱིས་སངས་མི་རྒྱ།། མཚོན་དུ་མེད་པའི་ཆོས་ཤིག་དགོས།། སྐུ་གསུང་བསྒྲུབ་པས་སངས་མི་བྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སྣང་བ་སྟོང་པ་ཕྱེ་མེད་གསུ
211a7 དེ་གསུམ་བསྒྲུབ་པས་སངས་མི་རྩ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སེམས་དང་རེག་པ་ཡིད་དང་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་\ུ0f7f།། དེ་དང་བྲལ་བའི་ཆོས་ཤིག་དོགས།། སངས་རྒྱས་ཆོས་དང་དགེ་འདུན་གསུམ།། དེ་གསུམ་བསླབ་པས་སངས་མ




iiif viewer powered by OpenSeadragon

210b - 211b

Texts on this page

Gdg002.12 - snang srid kha sbyor bdud rtsi chu thig 'khor ba thog mtha' gcod pa'i rgyud