e-texts navigator
Collection
Volume
Page
Wylie

210a1 འཚོ་བ་དབའི་ཆོས་སུ་བཟུང་།། དེ་ལས་འཁྲུལ་པའི་འབྲས་བུར་སྤྲིན།། གཉིས་མེད་ངང་ལ་གཉིས་སུ་བཟུང་།། དེ་ཡིས་འཁྲུལ་པའི་འབྲས་བུར་སྦྱིན།། བདག་གཞན་མེད་ལ་བདག་ཏུ་བཟུང་།། དེ་ཡིས་འཁྲུལ་པའི་འབྲས་བུར་སྦྱིན།།
210a2 བསལ་མེད་ལ་དབྱེ་བས་ལ་བཟུང་། དེ་ཡིས་འཁྲུལ་པའི་འབྲས་བུ་སྤྲིན།། རྩིས་གདབ་མེད་ལ་རྩིས་གདབ་བཟུང་།། དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན།། དཀག་བསྒྲུབ་མིད་ལ་སྤང་ལེན་བྱས།། དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན།། བྱ་བཙལ་མེད་ལ་ཅོ་ལ་བསུབཅས།
210a3 དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན།། དེ་ལྟར་མེད་ལ་ཡོད་བཟུང་གིས།། རྨི་ལམ་ཚུལ་དུ་སྡུག་བསྔལ་མྱོང་།། རིགས་དྲུག་སྐྱེ་འགུལ་དེ་ལས་བྱུང་།། མི་བདེན་བདེན་བཟུང་རྟོག་ཚོགས་ཀྱིས།། ཐམས་ཅད་འཁྲལ་པའི་འབྲས་བུར་སྨིན།། གཞི་ལ་མེད་དེ་རྟོག་པས་བདུད།། བཟུང་བས་ཞེན
210a4 ནས་ཆགས་ཏེ་འཁྲུལ།། དེས་འཁྲུལ་རྟགས་གཏན་ལ་ཕབ་པའོ།། ཅིས་ཕན་བྱ་བའི་ཚིག་དེ་ཡང་།། ཅིས་ཅང་མ་ལན་རང་གིས་ལན།། རངས་མཟིན་གསུམ་གྱིས་ལན།། སུས་ཀྱང་མ་ལན་རང་གིས་ལན།། ཆོས་ཉིད་མ་དང་མ་འཕྲད་པས།། རང་ལ་རང་ཉིད་ཡི་རེ་མུག། ཡེ་ཤེས
210a5 ངས་མ་ཟིན་པས།། རང་ལ་རང་ཉིད་ཞེ་རེ་ཁྲེལ།། རྣམ་རྟོག་རང་སར་མ་སངས་པས།། རང་ལ་རང་ཉིད་སྲུགས་རེ་ལོག། སྙིང་པོ་ཀློང་ནས་མ་ཤར་བས།། རང་གིས་རང་འཐམས་མུན་པར་འཐུམས།། འཁྲུལ་པ་རང་སར་མ་གྲོལ་བས།། རང་གིས་རང་མནར་རང་དེ་མནར།། སུས
210a6 ཀྱང་གནོད་པ་མ་བསྐྱལ་ཏེ།། ཆོས་དང་སེམས་སུ་མ་འདྲེས་ལན།། དུག་གསུམ་རྩུ་བ་མཆོད་ལན།། ཞེན་པ་རང་ལོག་མཐུར་ལན།། དྲག་ལྔ་དང་གྲོལ་མ་བྱུང་ལན།། ཆགས་སྡང་ལྔ་དང་མ་བྲལ་ལན།། གཏི་མུག་མུན་པ་མ་སངས་ལན།། ཡེ་ཤེས་ཉི་མ་མ་ཤར་ལན།། རང
210a7 གིས་རང་ཉིད་འཁོར་དུ་བཇུག། རང་གིས་རང་ཉིད་འཁྲུལ་དུ་བཅུག། ཅིས་ལན་ཅིས་ཕན་གཏན་ཚིགས་དེ་ལྟར་རོ།། སྣང་སྲིག་པ་སྒོང་བདུད་རྩེ་བརྒྱད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། འཁྲུལ་པ་གཏན་ལ་ཕབ་པ་འི་ལེའུ་སྟེ་ལྔ་པོའོ།།




iiif viewer powered by OpenSeadragon

209b - 210b

Texts on this page

Gdg002.12 - snang srid kha sbyor bdud rtsi chu thig 'khor ba thog mtha' gcod pa'i rgyud