| | e-texts navigator
|
207b1 ཀླུ་མཛད།། རྟོགས་པརྐྱོད་པ་རྒྱས་མམྱོང་།། གཉིས་སུ་ཅུ་ཟད་མད་པ་ན།། གཙུབ་ཏུ་བསྡམ་མྱོང་བ་ཡོད།། རྒྱུ་ཡིས་མ་བྱུད་ཅན་ཐོས་མོ་འཇིག་པར།། དབ་མིང་བྱར་རང་བཞིན་མི་མིགུས་པས།། གྷུ་འཛིག་གང་དུ་ན་མ་མད་པ་ཡིན།། མན་པ
207b2 གིས་བསྟན་པ་མེད།། ཆོས་མེད་སྟོན་མེད་ཉན་མེད།། སླར་མེད་ཚིག་མེད་བརྗོད་པ་མེད།། བདེ་མེད་དྲུག་མྱེད་ཕྱིད་པ་མེད།། བརྒྱད་མེད་ངན་མེད་གཉིས་སུ་མེད།། དབུས་མེད་མཐའ་མེད་ཕྱོགས་མཚམས་མེད།། སངས་མེད་ཆུང་མེད་སེམས་ཅན་མེད།། རིགས
207b3 མེད་ཡིད་མེད་སེམས་མེད་བཏགས་པ་མེད།། གནས་མེད་ཆགས་མེད་ཞེན་མེད་བཟུང་བ་མེད།། ཅི་ཡང་མཚོན་དུ་མ་བཏུབ་པོ།། རྟོག་ཚོགས་བརྟག་པའི་ཆོ་ག་ལས་གྲོལ།། རྣམ་པ་ཅིར་ཡང་མི་འབྱེད་སེམས་ཉིད་བརྗོད་མེད་ཀློང་།། ཀུན་གཞིའི་གནས་ལུགས་དེ་ལྟར
207b4 རོ།། སྐང་སྲིད་ཁ་སྦྱོར་བདུད་ཀྱི་བརྒྱད་ཐིགས།། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས།། བནག་གིའི་གནས་ལུགས་བསྟན་པའི་ལེབ་སྟེ་གསུམ་པའོ།། ། དེ་ནས་སྟོན་པའི་རྒྱལ་པོ་སེམས་ཉིད་གན་བཟུང་ལ།། སྲད་པའི་རྡོ་རྗེ་སེམས་དཔའི་ཡིས།། སངས
207b5 ཆུས་སེམས་ཅན་གཉིས་ཀྱི་སོ་མཚམས་དང་།། ཡང་རྒྱས་མར་འཁྲུལ་གཉིས་ཀྱི་བྱེ་བྲག་རྣམས།། ཤིན་ཏུ་ཟབ་པར་གསུང་དུ་གསོལ།། ཞེས་གསོལ་པ་དང་། སྟོན་པའི་རྩལ་པོ་སེམས་ཉིད་ཀུན་བཟང་དེ། རིན་པོ་ཆེའི་འོད་ཁ་སྦྱོར་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་བཞུགས་སོ།།
207b6 དེ་ནས་བཞེངས་ནས་འདི་སྐད་གསུངས།། ཁྱེད་ཀྱིས་དྲིས་པའི་དོན་རྣམས་བཤད།། འཁོར་རྣམས་མ་ཡེངས་ཡིད་ལ་ཟུང་།། སེམས་ཅན་སངས་རྒྱས་སོ་མཚམས་ནི།། རིག་དང་མ་རིག་སོ་མཚམས་དང་།། འགྱུ་དང་མི་འགྱུའི་སོ་མཚམས་དང་།། བརྟགས་དང་མ་བརྟགས
207b7 སོ་མཚམས་དང་།། ཟིན་དང་མཟིན་སོ་མཚམས་དང་།། མཚོན་དང་མ་མཚོན་སོ་མཚམ་དང་།། རྟོག་དང་མ་རྟོག་སོ་མཚམ་དང་།། འགྱུར་དང་མི་འགྱུར་སོ་མཚམ་དང་།། འཆར་སྒོ་འབུལ་སྒོའི་སོ་མཚ་མ་དང་།། ལྡོག་བཅས་གཉིས་ཀྱི་སོ་མཚམས་སོ།། འདི་ནི་སངས་རྒྱས་སེམས་ཅན་གཉིས
iiif viewer powered by OpenSeadragon
207a - 208a