| | e-texts navigator
|
206a1 ཤཱ། ། རླུང་བཞག། འོངས་སྐྱོང་ངོགས་པའི་བཤད་གྲག་ན།། ཀྱི་རྣམས་འགྲུབ་པམ་པང་བསྟན།། འདུལ་ཐ་ག་ཡོད་ལ་རྒྱུས།། པ་ན་དགས་བྱུ་བ་ག་དུ་གསུས།། བླངས་ལ་བྱུང་བ་ཤད་གྲགས་།། ཧྲུང་དུ
206a2 གཉིས་མེད་སྤྲུལ་པའི་སྐུ།། སྣ་ཚོགས་སྡུད་ལངོས་བཟུང་མེད།། གང་སྐང་ཡུལ་ལ་ཆགས་ཞེན་མེད།། དྲན་མེད་སྦྲུལ་སྤང་བཤད་ལུགས་སོ།། བྱིན་གྱིས་བརླབས་ཀྱིས་བཤད་ལུགས་ནི།། ཡེ་ཐོག་ཡེ་གནས་དབྱིངས་ནས་དབྱེར་མེད་བསྟན་པ་བཤད།། སྙིང་པོའི་སློང་ནས
206a3 ཀུན་ཏུ་བཟང་པོས་མཉན།། སྙིང་པོའི་གློང་ནས་ཀུན་ཏུ་བཟང་པོས་བཤད།། ཕྱོགས་མེད་ཀུན་གཞིའི་གནས་ནས་རྡོ་རྗེ་སེམས་དཔས་མཉན།། རྡོ་རྗེ་སེམས་དཔས་ཀུན་གཞིའི་ཀློང་ནས་བཤད།། སེམས་དཔའ་རྡོ་རྗེས་འོད་གས་ལ་གནས་ནས་མཉན།། སེམས་དཔའ་རྡོ་རྗེས་འོད
206a4 གསལ་གནས་ནས་བཤད།། རང་གསལ་ཁྱེའུ་ཆུང་གིས་འོད་ཀྱི་དབུས་ནས་མཉན།། རང་གསལ་ཁྱེའུ་ཆུང་གིས་འོད་ཀྱི་དབུས་ནས་བཤད།། ངང་དངས་ཆེན་པོས་ཀུན་གས་ལ་གནས་ནས་མཉན།། དང་དྲངས་ཆེན་པོས་ཀུན་གསལ་ཀློང་ནས་བཤད།། དགའ་རབ་རྡོ་རྗེས་རི་རབ་རྩེ
206a5 ནས་མཧཱན།། དགའ་དབོ་རྡོ་རྗེས་རི་རབ་ཅེ་ནས་བཤད།། འཇམ་དཔལ་བཤེས་གཉེན་རིར་བ་སྐེད་ནས་མཉན།། བརྟན་པས་ཐོབ་མ་ཡིན་ཏེ།། བྱིན་གྱི་བརླབས་ཀྱིས་གོ་བར་བཤད།། བྱིན་གྱི་རླབས་ཀྱིས་བཤད་ལུགས་སོ།། རང་གི་རི་བས་བཤད་པ་ནི།། བྱང་ཆུབ
206a6 སེམས་ཀྱི་ཡེ་ཤེས་དེ།། སྟོན་པས་ཡི་སྐུར་བྱུང་ནས།། ཚིག་དང་ཡི་གེར་མི་སྟོན་ཏེ།། བདག་ཏུ་མི་ཏོག་གཞན་མི་རྟོག། མི་རྟོག་མཉམ་པའི་དགོངས་པར་སྟོན།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བ་དྲི་བསམ
206a7 པས་དབྱིངས་མི་འཔྱོད།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ།། སྟོན་པ་ཆུ་ལི་དཱུར་བསྟན་ནས།། ཚིག་དང་ཡི་གེར་མི་སྟོན་ཏེ།། བདག་ཏུ་མི་འབྱེད་གཞན་མི་འབྱེད།། མི་འབྱེད་མཉམ་པའི་དགོངས་པ་སྟོན།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། དེ་རྟོགས
iiif viewer powered by OpenSeadragon
205b - 206b